བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་ཏུ་ཆོག་མཆན་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-02 10:51:00 ཀློག་གྲངས།:

བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་ཏུ་ཆོག་མཆན་ཐོབ།

        ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་སུམ་ཅུ་བས་གྲོས་ཞིབ་ཆོག་མཆན་བརྒྱུད། བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་ཏུ་ཆོག་མཆན་ཐོབ་པ་དང་། མི་རིགས་རིག་པ་དང་། ཀྲུང་གོའི་སྐད་བརྡ་རིག་པ། སྐྱེ་ཁམས་རིག་པ་བཅས་ལ་རིམ་པ་དང་པོའི་རིག་ཚན་འབུམ་རམས་པའི་ཐོབ་གནས་ཆོག་མཆན་གནང་།
        རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་ཏུ་ཆོག་མཆན་ཐོབ་པ་འདིས་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་དང་རིམ་པ་དང་པོའི་རིག་ཚན་འབུམ་རམས་པའི་སྟོང་ཆ་ལས་བརྒལ་ཏེ་དངོས་གཞི་དང་། རབ་འབྱམས་པ། འབུམ་རམས་པ་བཅས་འཐུས་སྒོ་ཚང་བའི་མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་ལག་གྲུབ་པ་དང་། བོད་ལྗོངས་མཐོ་རིམ་སློབ་གསོའི་ལོ་རྒྱུས་སྟེང་འབུམ་རམས་པའི་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱེད་པའི་སྟོང་ཆ་བསྐངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།