མགོ་ལོག་དྲུག་ཆེན་སུམ་མདོ་སློབ་ཆུང་དུ་རིན་བཟང་སློབ་གསོའི་ཐེབས་རྩའི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ།
རིན་བཟང་སློབ་གསོའི་ཐེབས་རྩའི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ།
རིན་བཟང་སློབ་གསོའི་ཐེབས་རྩའི་བྱ་དགའ་གནང་བའི་མཛད་སྒོ་སྡུད་བཞིན་པའི་ཡུལ་དངོས།
ཟླ8པའི་ཚེས4ཉིན། མགོ་ལོག་གཅིག་སྒྲིལ་ཁང་སར་ཡུལ་ཚོ་སྟེ་དྲུག་ཆེན་སུམ་མདོ་གྲོང་རྡལ་བོད་ཡིག་བཅའ་སྡོད་སློབ་ཆུང་དུ་དགེ་རྒན་རིན་བཟང་རྗེས་དྲན་དང་རིན་བཟང་སློབ་གསོའི་ཐེབས་རྩའི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་ཤིང་། མཛད་སྒོའི་གཙོ་སྒྲུབ་འཐུས་ཚབ་པས་དགེ་རྒན་རིན་བཟང་ལགས་ཀྱིས་དཀའ་ཁག་མང་པོ་ཁྱད་དུ་བསད་ནས་ཁང་གསར་སློབ་གྲྭ་བཙུགས་པའི་མཛད་རྗེས་ལ་ངོ་སྤྲོད་དང་རྗེས་དྲན་བྱེད་པ་དང་འབྲེལ་ནས། ད་ལྟ་ང་ཚོས་དགེ་རྒན་རིན་བཟང་དང་རིན་བཟང་ལྟ་བུའི་དགེ་རྒན་ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པ་དག་མིག་དཔེར་བཟུང་ནས་སློབ་རའི་སློབ་གསོ་ལ་ཤུགས་ཇི་ལྟར་འདོན་རྒྱུ་སོགས་ཀྱི་བགྲོ་གླེང་བྱས་པ་རེད།
ཐེངས་འདིའི་བྱ་འགུལ་སྟེང་མཐོ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་རྒྱུགས་འབྲས་ལེགས་པོ་བླངས་པའི་གཅིག་སྒྲིལ་རྫོང་གི་སློབ་མ་རྣམས་དང་། དྲུག་ཆེན་སུམ་མདོ་གྲོང་རྡལ་བོད་ཡིག་བཅའ་སྡོད་སློབ་ཆུང་གི2013ལོའི་སྤྱོད་བཟང་སློབ་མ། སྦྱངས་འབྲས་ལེགས་པོ་བླངས་པའི་སློབ་མ་སོགས་ལ་བྱ་དགའ་གནང་ཞིང་། སློབ་མར་བྱ་དགའ་གནང་བའི་བྱ་འགུལ་འདིས་སློབ་མ་ཚོས་སློབ་ལ་བརྩོན་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པའི་ཁར། སྤྱི་ཚོགས་ཡོངས་ཀྱིས་ཤེས་ཡོན་ཅན་ལ་མཐོང་ཆེན་བྱེད་པར་ཤུགས་སྟོབས་ངེས་ཅན་ཞིག་ཐེབས་པ་རེད།
དཔེ་ལེགས་སློབ་མ་རྣམས་ལ་བྱ་དགའ་གནང་བ།
དགེ་རྒན་རིན་བཟང་གི་མཚམས་སྦྱོར་མདོར་བསྡུས། དགེ་རྒན་རིན་བཟང་ལགས་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་ཁོར་ཡུག་གི་སློབ་གསོ་ལ་ཐུགས་ཁུར་བླ་མེད་གནང་མཁན་ཞིག་སྟེ། ལོ་རབས་བདུན་ཅུའི་ནང་ནས་བཟུང་འབྲོག་ཁུལ་དུ་དམངས་སྒྲུབ་སྦྲ་གུར་སློབ་གྲྭ་གཉེར་མགོ་བརྩམས་ཤིང་།1980ལོར་མི་སྒེར་གྱི་ནུས་པར་བརྟེན་དྲུག་ཆེན་སུམ་མདོའི་བོད་ཡིག་བཅའ་སྡོད་སློབ་ཆུང་དངོས་སུ་བཙུགས། དགེ་རྒན་དེ་ནི1933ལོར་སྐྱེས་ཤིང2012ལོར་འདས། ཁོང་ནི་རྐང་བ་ཡ་གཅིག་ལས་མེད་པའི་སྐྱེས་བུ་ཕྱེད་པོ་ཞིག་ཡིན་ན་ཡང་། ཁོང་གིས་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་མིན་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཁྱད་དུ་བསད་ནས་མི་རིགས་ཀྱི་སློབ་གསོའི་ཐད་མཛད་རྗེས་ཆེན་པོ་བཞག་ཡོད་ཅིང་། 1983ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མགོ་ལོག་ཁུལ་སློབ་གསོ་ཅུའུ། རྒྱལ་ཁབ་མི་དོན་ཅུའུ་སོགས་ཀྱི་བྱ་དགའ་བཟང་བསྟོད་ཐེངས་མང་བོར་གནང་མྱོང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com