མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་བྱེད་བསྡུ་བའི་ཡིག་རྒྱུགས་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་བྱས།

རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན། བསམ་འཕེལ་ནོར ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2013-08-15 17:00:00 ཀློག་གྲངས།:

        ཟླ8པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ནས་ཞིང་ཆེན་ཡོངས་ལ་ཡོངས་བསྒྲགས་སྒོས་སློབ་གྲྭ་འབྲིང་ཆུང་གི་ལས་བྱེད་མི་སྣ་བསྡུ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས། ལས་བྱེད་མི་སྣའི་འགན་འཁྲི་འདུ་ཤེས་ཞན་པ་ལས་བྱུང་བའི་འགན་འཁྲི་ཚབས་ཆེན་ཡིན་པའི་ལས་འཛོལ་བྱུང་སྟེ། "སློབ་འབྲིང་གི་བོད་ཡིག་ཆེད་ལས"ཀྱི་བསླབ་བྱའི་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་ནོར་འཆུག་བྱུང་ཡོད་པས་འབྲེལ་ཡོད་འགན་འཁྲི་མི་སྣར་ཐག་གཅོད་ནན་མོ་བྱས་ཤིང་།  འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཟླ8པའི་ཚེས20ཉིན་ཡང་བསྐྱར་བསླབ་བྱ་འདི་ཉིད་རིན་མི་ལེན་པར་རྒྱུགས་ལེན་རྒྱུ་ཐག་བཅད་པ་རེད།

མཚོ་སྔོན་གྱི་སློབ་འབྲིང་གི་བོད་ཡིག་ཆེད་ལས་ཡིག་རྒྱུགས་ཐད་ལས་འཛོལ་སྐོར་གྱི་གྲོས་ཚོགས་བསྡུས།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་བྱེད་བསྡུ་བའི་ཡིག་རྒྱུགས་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་བྱས།

        ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་འབྲིང་ཆུང་གི་ལས་བྱེད་མི་སྣ1969བསྡུ་རྒྱུ་འཆར་གཞི་བཀོད་ཡོད། སྔ་རྗེས་སུ་སྤྱི་བསྒྲགས་སྤེལ་བ་དང་མིང་ཐོ་འགོད་པ། གཅིག་གྱུར་སྒོས་ཡིག་རྒྱུགས་ལེན་པ་དང་། ཡིག་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་མོད། ཡིན་ནའང་སྤྱི་ཟླ8པའི་ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད8ཀྱི་སྟེང་ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་ཁྲོད"སློབ་འབྲིང་གི་བོད་ཡིག་ཆེད་ལས"ཀྱི་དྲིས་ལན་ལ་ལས་འཛོལ་བྱུང་ཡོད་པ་ཤེས། དེའི་ཕྱིར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མགྱོགས་མྱུར་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། མི་རེ་རེས་འགན་འཁུར་བའི་ལྷུ་ཚིགས་རེ་རེར་བརྟག་བཤེར་དང་ཞིང་ཆེན་ནང་ཁུལ་གྱི་བོད་ཡིག་ཆེད་མཁས་པ་གདན་ཞུ་བྱས་ནས་ཞིབ་བསྡུར་བྱས།  ཞིབ་བསྡུར་བྱས་མཐར་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས་འགན་འཁུར་བའི་ཐེངས་འདིའི"སློབ་འབྲིང་གི་བོད་ཡིག་ཆེད་ལས"ཀྱི་ཡིག་རྒྱུགས་ལ་རྒྱུགས་གཞི་དང་ཚད་ལྡན་དྲིས་ལན་ལྔ་རེ་གཏན་འཁེལ་བྱས་ཡོད། ལས་བྱེད་མི་སྣས་བྱ་བའི་གོ་རིམ་ཁྲོད་རྒྱུགས་གཞི་དངོས་དང་ལྟོས་བཅོས་ཀྱི་ཚད་ལྡན་དྲིས་ལན་གཉིས་ཆ་འགྲིག་མིན་པའི་ལས་འཛོལ་བྱུང་སྟབས"སློབ་འབྲིང་གི་བོད་ཡིག་ཆེད་ལས"ཀྱི་བོད་ཡིག་རྒྱུགས་གཞིའི་སྐར་གྲངས་ཤན་འབྱེད་བྱེད་པར་ནོར་འཁྲུལ་བྱུང་བ་རེད།
        ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱིས་ལས་འཛོལ་འདི་ཐག་གཅོད་བྱེད་ཆེད་མགྱོགས་མྱུར་ངང་གྲོས་ཚོགས་བསྡུས་ཏེ་ཕྱོགས་ཡོངས་ནས་བྱ་བར་བཀོད་སྒྲིག་བྱས་པ་དང་། རྒྱུགས་སྤྲོད་སློབ་མ་ཡོངས་ལ་འགན་རྣམ་དག་འཁུར་བའི་རྣམ་འགྱུར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་དང་བསམ་གཞིགས་ནན་མོ་གཏོང་བ། ཕྱོགས་ཡོངས་ནས་ནོར་འཁྲུལ་ཡོ་བསྲང་།  གཟབ་ནན་སྒོས་ཞིབ་བཤེར་ཐག་གཅོད། ཡོངས་གྲགས་སུ་དགོངས་དག་ཞུ་བ།  རྩ་བ་ནས་གནད་དོན་ཐག་གཅོད་པ་བཅས་བྱས་ནས་ཐེངས་འདིའི་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བཀའ་ཕབ། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་གཞུང་ཞབས་པ་དང་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣའི་དོ་དམ་དཔང་ཚད་དང་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར། རྒྱུགས་གཞི་དང་ཚད་ལྡན་དྲིས་ལན་ལ་དོ་དམ་དང་འགན་ཁུར་མཁན་ལ་ལས་གནས་ནས་དབྱུང་རྒྱུ་དང་། ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱི་འགན་འཁྲི་བ་གཙོ་བོར་སྐྱོན་ཐོ་འགོད་རྒྱུ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་མི་སྣར་ཐ་ཚིག་སྒྲོག་རྒྱུ་བཅས་ཐག་གཅོད་བྱས། དེ་མིན2013ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ལས་བྱེད་མི་སྣ་བསྡུ་བའི་རྒྱུགས་ལེན་ཁྲོད"སློབ་འབྲིང་གི་བོད་ཡིག་ཆེད་ལས"ཀྱི་བོད་ཡིག་བསླབ་བྱ་ལ་རིན་མི་ལེན་པར་ཡང་བསྐྱར་རྒྱུགས་བླངས་ནས་སྐར་གྲངས་གསར་བ་ཐེངས་འདིའི་ཡིག་རྒྱུགས་ཀྱི་སྐར་གྲངས་སྤྱི་ཡི་ནང་བརྩི་རྒྱུ་ཐག་བཅད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།