ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 2015ལོར་བོད་ལྗོངས་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི50རུ་སྣོན་རྒྱུ།
2015ལོར་བོད་ལྗོངས་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི50རུ་སྣོན་རྒྱུ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-23 10:19:00
ཀློག་གྲངས།:
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཞིང་ཆེན་རིམ་པའི་རིམ་གསུམ་དཔེ་མཛོད་ཁང་བསྐྲུན་པར་འབད་ཀྱི་ཡོད་ཅིང་། 2015ལོའི་བར་བོད་ལྗོངས་དཔེ་མཛོད་ཁང་དུ་ད་ལྟའི་དཔེ་དེབ་ཁྲི36ནས་ཁྲི50རུ་ཁ་སྣོན་བྱ་རྒྱུ་ཡིན་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་བོད་ལྗོངས་དཔེ་མཛོད་ཁང་དུ་རྩོམ་རིག་དང་། གསོ་རིག བརྩམས་སྒྲུང་སོགས་ཀྱི་དཔེ་དེབ་ཁྲི36ཡོད་ཅིང་དེ་ལས་བོད་ཡིག་གནའ་དཔེ་ཁྲི10ལྷག་འདུས་ལ། 2015ལོའི་བར་བོད་ལྗོངས་དཔེ་མཛོད་ཁང་དུ་ད་ལྟའི་དཔེ་དེབ་ཁྲི36ནས་ཁྲི50རུ་ཁ་སྣོན་སྒོས་གང་ནུས་ཀྱིས་ཀློག་པ་པོའི་དགོས་མཁོ་སྐོང་བ་དང་མཚུངས་སུ། གློག་རྡུལ་དཔེ་ཀློག་དང་ཐོན་ཁུངས་མཉམ་སྤྱོད་སོགས་འཛུགས་སྐྲུན་བརྒྱུད། དཔེ་མཛོད་ཁང་འདིས་ཀློག་པ་པོར་ཞབས་ཞུ་བྱ་བའི་ནང་དོན་དང་རྣམ་པ་སྔར་ལས་ཕུན་སུམ་ཚོགས་པར་བྱེད་ངེས།
བོད་ལྗོངས་དཔེ་མཛོད་ཁང་དུ་དཔེ་དེབ་གང་མང་ཉར་ཡོད་པ་མ་ཟད། དཔེ་ཀློག་ཁང་གི་སྒྲིག་ཆས་ཐད་ནས་ཀྱང་འཕེལ་རྒྱས་དང་མཐོར་འདེགས་སྒོས་སྲོལ་རྒྱུན་དཔེ་ཀློག་བྱེད་སྟངས་ཀྱི་རྣམ་པ་བསྒྱུར་ཞིང་། གཞན་ཡང་བྱིས་པའི་དཔེ་དེབ་ཀྱང8000ལྷག་དང་། བྱིས་པའི་དུས་དེབ་རིགས125དང་ཚགས་པར་རིགས25ཡོད་པ་དང་། ཏག་ཏག་དུས་ཆེན་དང་གུང་སེང་སོགས་ཀྱི་སྐབས་དཔེ་མཛོད་ཁང་དུ་དཔེ་ཀློག་བྱིས་པས་ཁེངས་ཡོད་པ་རེད།
ད་དུང་དཔེ་མཛོད་ཁང་དེར་བྱིས་པའི་གློག་རྡུལ་དཔེ་ཀློག་ཁུལ་བཙུགས་ཡོད་ཅིང་། བྱིས་པ་རྣམས་ཀྱིས་དཔེ་མཛོད་ཞབས་ཞུ་མི་སྣའི་ལྟ་ཞིབ་འོག་དྲ་ཐོག་སློབ་སྦྱོང་དང་། རྩེད་འཇོ། བྱིས་པའི་དྲ་རྒྱ་སྣ་ཚོགས། བརྙན་རིས་འོད་སྡེར་སོགས་ལ་གཟིགས་ཐུབ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།