《བོད་ལྗོངས་ཀྱི་གནམ་གཤིས་རི་མོའི་ཕྱོགས་བསྡུས》པར་བསྐྲུན་འགྲེམ་སྤེལ་བྱས་པ།
ཉེ་ཆར། བོད་ལྗོངས་གནམ་གཤིས་སྡེ་ཁག་གིས་དུས་རབས་ཕྱེད་ཀའི་ནང་འཚོལ་བསྡུ་བྱས་པའི་གནམ་གཤིས་ཀྱི་རྒྱུ་ཆ་གལ་ཆེན་དག་ལེགས་པོར་བསྒྲིགས་ནས། གནམ་གཤིས་འགྱུར་ལྡོག་བརྗོད་པའི་དཔེ་དེབ་དང་པོ་སྟེ《བོད་ལྗོངས་ཀྱི་གནམ་གཤིས་རི་མོའི་ཕྱོགས་བསྡུས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
《བོད་ལྗོངས་ཀྱི་གནམ་གཤིས་རི་མོའི་ཕྱོགས་བསྡུས》འདི་ནི་རྨང་གཞི་རང་བཞིན་གྱི་གནམ་གཤིས་སྐོར་གྱི་ཤེས་བྱ་ཀུན་འདུས་ཀྱི་དཔེ་དེབ་ཅིག་ཡིན་ཏེ། གནམ་གཤིས་དང་། ཞིང་ཕྱུགས་ནགས། ཆུ་བེད། འགྲིམ་འགྲུལ། གནས་སྐོར་འདོན་སྤེལ། གནོད་འགོད་གནོད་སེལ་སོགས་ཀྱི་ཚན་རིག་དང་མཐུན་པའི་གྲངས་གཞི་འདོན་སྤྲོད་ཐུབ་ཅིང་། གཞི་རྩའི་གནམ་གཤིས་རི་མོ་དང་། དངོས་ལུགས་ཀྱི་གནམ་གཤིས་རི་མོ། གནམ་གཤིས་འགྱུར་ལྡོག་གི་རི་མོ། ཉེར་སྤྱོད་གནམ་གཤིས་རི་མོ་བཅས་རིགས་བཞིའི་རི་མོ212འདུས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com