སེན་མགོ་མེ་འབར་དྲ་བས་རྩོམ་ཡིག་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།:སེན་མགོ་མེ་འབར་དྲ་བའི་དྲ་བདག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-29 09:12:00 ཀློག་གྲངས།:

སེན་མགོ་མེ་འབར་དྲ་བ་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས།
སེན་མགོ་མེ་འབར་དྲ་བ་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས།

        ཉེ་ཆར། སེན་མགོ་མེ་འབར་དྲ་བ་གསར་བཟོ་ལེགས་འགྲུབ་བྱུང་ནས་རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་མིག་ལམ་དུ་བཤམས་ཡོད།  དྲ་བ་འདི་ནི་གཞིས་རྩེ་ས་ཁུལ་གྱི་བོད་ཡིག་དྲ་བ་ཐོག་མ་དེ་ཡིན་ལ།  སེན་མགོ་མེ་འབར་དྲ་བས་གཙང་ཁུལ་དུ་དྲ་བ་མེད་པ་ནས་ཡོད་པར་བྱས་ཤིང་། ཡོད་པ་ནས་གོང་སྤེལ་གྱི་ཕྱོགས་སུ་འབད་པ་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན། མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དག་གིས་དྲ་བ་འདིར་རྒྱབ་སྐྱོར་གང་ལེགས་སྒོས་ཕུན་སུམ་ཚོགས་པའི་གཙང་གི་དྲ་བ་ལེགས་པོ་ཞིག་ཡོང་བར་རེ་སྨོན་བྱེད་ཀྱི་ཡོད།
        དྲ་བ་འདིའི་ལོ་རེའི་འཆར་གཞི་ལྟར། སེན་མགོ་མེ་འབར་དྲ་བར་རྩོམ་ཡིག་བསྐུར་མཁན་གྱི་རྩོམ་པ་པོ་དག་གི་ཁྲོད་ནས་ཆེས་ལེགས་ཤོས་ཀྱི་རྩོམ་ཡིག་དག་འདེམ་ནས་དཔེ་ཆ་དཔེ་བསྐྲུན་བྱ་རྒྱུ་ཡིན་པས། རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཀུན་གྱིས་དྲ་བ་འདིར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱེད་པར་མཁྱེན་མཁྱེན།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།