སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སྨྱན་མང་ཁྲིད་ཆས་དཔྱད་འདེམས་བྱ་འགུལ་བསྡུས་པ།
ཟླ8པའི་ཚེས19ཉིན་ནས་ཟླ8པའི་ཚེས21ཉིན་བར། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་སྐབས་གཉིས་པའི་སྐད་གཉིས་སློབ་ཁྲིད་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སྨྱན་མང་ཁྲིད་ཆས་དཔྱད་འདེམས་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་བསྡུས། ཐེངས་འདིའི་བྱ་འགུལ་ནི་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་གཙོ་བསྒྲུབས་དང་། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་སློབ་གསོ་ཅུའུ་དང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་ཀྱིས་འགན་བསྒྲུབས་བྱས་པ་རེད།
ལོ་ཕྱེད་ཀྱི་རིང་ལ་ཁྱོན་བསྡོམས་བསླབ་ཚན་སོ་སོའི་ཁྲིད་ཆས198བསྡུས་པ་དང་། ནན་ཏན་གྱིས་འདེམ་སྒྲུག་བྱས་པར་བརྒྱུད་ནས་བརྩམས་ཆོས185དཔྱད་འདེམས་ལ་ཞུགས་ཤིང་། ལྗོངས་ཞིང་ལྔའི་སྐད་གཉིས་སློབ་ཁྲིད་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང60ལྷག་འདུས་པ་རེད། ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་དཔྱད་འདེམས་ཚན་ཆུང་གིས་ཡོངས་བསྒྲགས་དང་དྲང་གཞག འདྲ་མཉམ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བརྩམས་ཆོས་ཨང་དང་པོ15དང་། ཨང་གཉིས་པ20། ཨང་གསུམ་པ26བཅས་དཔྱད་འདེམས་བྱས།
ཐེངས་འདིའི་ཁྲིད་ཆས་དཔྱད་འདེམས་ནི་ལྗོངས་ཞིང་ལྔའི་ཁོངས་སུ་རྩ་འཛུགས་བྱས་པའི་བོད་ཡིག་གི་སྨྱན་མང་ཁྲིད་ཆས་དཔྱད་འདེམས་ཀྱི་བྱ་འགུལ་ཐེངས་གཉིས་པ་ཡིན་ཞིང་། དེས་སྐད་གཉིས་སློབ་ཁྲིད་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་སྐད་གཉིས་ཀྱི་སྨྱན་མང་ཁྲིད་ཆས་ལེགས་པོ་སྒྲིག་བཟོ་བྱེད་པའི་བརྩོན་སེམས་བསྐུལ་པའི་ཁར། དེང་རབས་སློབ་གསོའི་ལག་རྩལ་དེ་སྐད་གཉིས་སློབ་ཁྲིད་ཁྲོད་སྤྱོད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com