སྐབས་དང་པོའི་མཚོ་སྔོན་ཡུལ་ཤུལ་གྱི་གེ་སར་རིག་གནས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-04 10:32:00 ཀློག་གྲངས།:

  ཟླ8པའི་ཚེས30ཉིན། མཚོ་སྔོན་གེ་སར་སྒྲུང་ཞིབ་འཇུག་ཁང་དང་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་བསྒྲུབས་པའི་སྐབས་དང་པོའི་མཚོ་སྔོན་ཡུལ་ཤུལ་གྱི་གེ་སར་རིག་གནས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་དུ་བསྡུས་པ་རེད།
  ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་བན་གོ་དང་། ནོར་བུ་དབང་ལྡན། ཡཱང་ཨིན་ཧུང་། གཅོད་པ་དོན་གྲུབ། ནོར་སྡེ། དབང་གྲགས་སོགས་རྒྱལ་ནང་གི་གེ་སར་སྒྲུང་རིང་ཞིབ་འཇུག་གི་ཆེད་མཁས་མང་པོ་གདན་འདྲེན་ཞུས་ཡོད་པར་མ་ཟད། ཨ་རི་དང་ཨུ་རུ་སུ། སུའུ་ཏཱན་སོགས་ཕྱིའི་རྒྱལ་ཁབ་ཀྱི་མཁས་པ་འགའ་ཡང་གདན་འདྲེན་ཞུས་འདུག དེ་ལས་གཞན་སི་ཁྲོན་དང་མགོ་ལོག ཡུལ་ཤུལ་སོགས་ཀྱི་གེ་སར་རིག་གནས་ཞིབ་འཇུག་པ་དང་སྒྲུང་པ་རྣམས་ཀྱང་བགྲོ་གླེང་ཚོགས་འདུ་ལ་ཞུགས་ཡོད་པ་རེད།
  ཚོགས་འདུའི་སྟེང་གེ་སར་རིག་གནས་ཞིབ་འཇུག་དང་སྲུང་སྐྱོབ་ཐད་གྲུབ་འབྲས་ཡོད་པའི་མི་སྒེར་དང་ལས་ཁུངས་ལ་གཟེངས་བསྟོད་བྱ་དགའ་གནང་བར་མ་ཟད། གེ་སར་སྒྲུང་རིང་ཞིབ་འཇུག་བྱེད་པའི་ཆེད་མཁས་རྣམས་ཀྱིས་ཡུལ་ཤུལ་གྱི་གེ་སར་རིག་གནས་ཀྱི་ཉིང་བཅུད་དང་འཕེལ་རྒྱས་ཀྱི་བརྗོད་བྱ་སོགས་ལ་བགྲོ་གླེང་རྒྱ་ཆེན་པོ་གནང་སྟེ་ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས་ཀྱིས་གེ་སར་རིག་གནས་སྤྱིའི་འཕེལ་རྒྱས་ལ་ཐོན་པའི་སྐུལ་སྤེལ་གྱི་ནུས་པར་ཁས་ལེན་མཛད་ཅིང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུས་ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས་མུ་མཐུད་དུ་གོང་དུ་སྤེལ་པར་རྨང་གཞི་བརྟན་པོ་བཏིངས་ཐོག ཡུལ་ཤུལ་གྱི་གེ་སར་རིག་གནས་དེ་འཛམ་གླིང་ཐོག་བསྐྱོད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།