མཚོ་ལྷོའི་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱ་བར་ཕན་འབྲས་ཐོན་པ།
མཚོ་ལྷོའི་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱ་བར་ཕན་འབྲས་ཐོན་པ།
ཟླ7པའི་ཚེས25ཉིན་ནས་ཟླ8པའི་ཚེས20ཉིན་བར། གསེར་ཆེན་རྫོང་བོད་སྐད་ཡིག་གཞུང་ལས་ཁང་དང་། བཟོ་ཚོང་། གྲོང་ཁྱེར་དོ་དམ། རིག་གནས། སྤྱི་བདེ། འཕྲོད་བསྟེན་སོགས་ནས་ལས་བྱེད་མི་སྣ་མི40ལྷག་སྐོང་འཐེན་བྱས་ནས། བོད་སྐད་ཡིག་བྱ་བའི་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ལྟར་གྲོང་ཁུལ་གྱི་ཁྲོམ་སྲང་གི་སྒོ་བྱང་དང་། དྲིལ་བསྒྲགས་ཡིག་བྱང་། ལམ་བྱང་སོགས་ལ་དག་ཐེར་ནན་མོ་བྱས་པ་སྟེ། རྒྱུ་གཅིག་པ་དང་བོད་རྒྱའི་ཡིག་རིགས་ཀྱི་ཆེ་ཆུང་དོ་མཉམ་པ། གོ་རིམ་སྒྲིག་སྟངས་ཁྲིམས་སྲོལ་སྒྲིག་ཡིག་དང་མཐུན་པའི་སྒོ་བྱང320བཟོས་པར་མ་ཟད། 《བོད་ཡིག་ཡིག་ནོར་དག་བཅོས་ཀྱི་ཡི་གེ》71བཀྲམ་པ་རེད།
ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་ཀྱི་བྱ་བར་བརྒྱུད་ནས་ཆབ་ཆ་གྲོང་རྡལ་གྱི་ལས་ཁུངས་ཁག་དང་ཚོང་ཁང་། ཟ་ཁང་སོགས་ཀྱི་སྒོ་བྱང་དུ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱས་ཚུལ་ཚད་ལྡན་མ་ཡིན་པའི་གནད་དོན་བཅོས་སྒྱུར་བྱས་པས། ཁྲོམ་སྲང་གི་སྒོ་བྱང་དང་དེའི་སྟེང་བཀོད་པའི་བོད་རྒྱ་ཡིག་རིགས་གཉིས་གཅིག་གྱུར་ཅན་དང་། ཚད་ལྡན་ཅན། མཛེས་ལེགས་ཅན་དུ་བསྒྱུར་ཏེ། ཆབ་ཆ་གྲོང་རྡལ་གྱི་ས་གནས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་སྤུས་ཚད་མངོན་གསལ་དང་མཐོར་འདེགས་སུ་བཏང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com