དོན་གྲུབ་དབང་འབུམ་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།

རྩོམ་པ་པོ།:ཨ་རྟ་མགྲིན་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-08 11:33:00 ཀློག་གྲངས།:
        ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད6:00གི་སྟེང་། སྐད་གྲགས་ཅན་གྱི་བོད་རིག་པའམ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གདན་ཞུས་དགེ་རྒན་དོན་གྲུབ་དབང་འབུམ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་མི་རིགས་ཀྱི་རིག་གནས་དང་རིག་གནས་ཀྱི་རང་རྟོགས། དཔལ་ཡོན་ལྡན་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་ཞེས་པའི་རིག་གཞུང་འཆད་ཁྲིད་གནང་། དེར་མི་རིགས་དགེ་ཐོན་སློབ་གླིང་གི་སྡེ་ཁག་མི་གཅིག་པའི་དགེ་སློབ400ལྷག་ཞུགས་པ་ཡོད་པ་རེད།
        དོན་གྲུབ་དབང་འབུམ་ལགས་ཀྱིས་ཐོག་མར་ཕྱོགས་གཙོ་བོ་གསུམ་ནས་འཆད་ཁྲིད་གནང་བ་སྟེ། གཅིག་ནས་རིག་གནས་ཀྱི་རང་རྟོགས།  གཉིས་ནས་དཔལ་ཡོན་ལྡན་པའི་ཁྱིམ་གཞི་འཛུགས་སྐྲུན་བྱ་དགོས་མིན་དང་ཇི་ལྟར་འཛུགས་སྐྲུན་བྱེད་པ། གསུམ་ནས་མི་རིགས་རིག་གནས་ཀྱི་སྲུང་སྐྱོབ་དང་བརྒྱུད་འཛིན། འཕེལ་རྒྱས་སོགས་ཀྱི་གནད་དོན་ཆེན་པོ་གསུམ་རེ་རེ་བཞིན་གསུང་བཤད་གནང་ལ། དེར་མཐུད་དེ་རིག་གནས་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་དང་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་ཁོང་གི་ཉམས་མྱོང་དང་སྦྱར་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསོན་ཉམས་ལྡན་པའི་ངང་ནས་ཝུན་ཁྲང་ལ་ཕུལ་བ་ཞེས་པའི་སྙན་ངག་གྱེར་འདོན་གནང་ནས་དངོས་པོའི་ཁྱིམ་གཞི་འཛུགས་སྐྲུན་བྱ་རྒྱུ་ལས་སླ་མོད།  འོན་ཀྱང་བསམ་པའི་དཔལ་ཡོན་ལྡན་པའི་ཁྱིམ་གཞི་འཛུགས་སྐྲུན་བྱ་རྒྱུ་ནི་ལས་སླ་མོ་མ་ཡིན་པས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དེ་ལས་གལ་ཆེ་བར་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།