བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་སྟེང་མཚོ་ལྷོའི་བོད་ཡིག་ཚགས་པར་གྱི་བརྩམས་ཆོས་ལ་བྱ་དགའ་ཐོབ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-11 11:05:00 ཀློག་གྲངས།:

全国藏文传媒协作会议上海南报藏文报有4件作品获奖
བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་ཡུལ་དངོས།

  ཟླ8པའི་ཚེས31ཉིན་ཟླ9པའི་ཚེས6ཉིན་བར། རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་ཀན་ལྷོའི་གཙོས་གྲོང་ཁྱེར་དུ་བསྡུས་ཤིང་།  ཚོགས་འདུའི་སྐབས་སུ་མི་རིགས་ཀྱི་ཚགས་པར་ཁང་སོ་སོ་ནས་འོས་སྦྱོར་བྱས་པའི་བོད་ཡིག་གསར་འགྱུར་གྱི་བརྩམས་ཆོས་ལེགས་པོ་དང་། བསྒྱུར་ཡིག་ལེགས་པོ། པར་གཞི་ལེགས་པོ། ཕུལ་བྱུང་དཔྱད་རྩོམ་སོགས་དཔྱད་འདེམས་བྱས་པའི་ཁྲོད། མཚོ་ལྷོའི་བོད་ཡིག་ཚགས་པར་རྩོམ་སྒྲིག་ཁང་གི་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས《གསེར་ཆེན་རྫོང་གི་སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་ཀྱིས་རིགས་སོ་སོའི་མི་དམངས་ལ་དངོས་ཕན་བསྐྲུན་པ》ཞེས་པ་དང་། 《མཚོ་ལྷོ་ཁུལ་གྱིས་མ་དངུལ་སྒོར་ཁྲི100བཏང་ནས་ཡང་བསྐྱར་ལས་ཞུགས་ལ་སྐུལ་སྤེལ་བྱས་པ》ཞེས་པར་གསར་འགྱུར་ལེགས་པོའི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་ཐོབ། གདུགས་དཀར་སྐྱབས་ཀྱིས་རྩོམ་སྒྲིག་བྱས་པའི་པར་གཞི་གཉིས་ལ་པར་གཞི་ལེགས་པོའི་བྱ་དགའ་ཐོབ་པ་རེད།
  ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣ་རྣམས་ཀྱིས་བོད་ཡིག་ཚགས་པར་གྱི་འཕེལ་རྒྱས་མདུན་ལྗོངས་དང་སྨྱན་སྦྱོར་གྱི་འཕེལ་རྒྱས་སོགས་ཀྱི་ཐད་བགྲོ་གླེང་རྒྱ་ཆེན་པོ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།