བོད་ཀྱི་སློབ་ཁྲིད་ཐོན་ཁུངས་དྲ་ཚིགས་ཉེ་ལམ་དྲ་བར་ཤར་གཏོང་བྱས།

རྩོམ་པ་པོ།:གངས་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-14 07:47:00 ཀློག་གྲངས།:

        ཉེ་ལམ། བོད་ཀྱི་སློབ་ཁྲིད་ཐོན་ཁུངས་དང་ཁྱད་པར་ལྗོངས་ཞིང་ལྔའི་སློབ་གཞིའི་ནང་དོན་དང་འཚམ་པའི་ཐོན་ཁུངས་དྲ་ལམ་ལས་ཕབ་ལེན་བྱ་རྒྱུ་ཉུང་བའི་དངོས་དོན་ལ་བསམ་བཞིན། བོད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་གཡུལ་ས་མདུན་མར་ལས་བཞིན་པའི་དགེ་རྒན་ཁ་ཅིག་མཉམ་རུབ་ཀྱིས་བོད་ཀྱི་སློབ་ཁྲིད་ཐོན་ཁུངས་དྲ་ཚིགས་རྩམ་ཁུག་དྲ་བ་ཤར་གཏོང་བྱས།
         དེ་ཡང་རྩམ་ཁུག་དྲ་བ་དེ་ཐོག་མར་བོད་ཡིག་ལམ་ནས་བཟོ་རྒྱུའི་འཆར་གཞི་ཡོད་ལ་ལེགས་གྲུབ་ཀྱང་བྱུང་མོད། དྲ་དམངས་ཀྱིས་སློབ་ཁྲིད་ཐོན་ཁུངས་བཙལ་འཚོལ་དགོས་ན百度ལ་སོགས་དྲ་དམངས་ཀྱིས་རྒྱུན་དུ་སྤྱོད་ཆེ་བའི་འཚོལ་བཤེར་ཡོ་བྱད་དག་ལས་རྩམ་ཁུངས་དྲ་བའི་ཐོན་ཁུངས་འཚོལ་བཤེར་མི་ཐུབ་པའི་དོན་དངོས་ལ་བསམ་ཏེ་རྒྱ་ཡིག་གི་དྲ་ཚིགས་ཤིག་དྲ་བར་བཏང་བར་དྲ་གྲོགས་ཚོས་རྒྱབ་སྐྱོར་དང་རོགས་རམ། དགོངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན་མཁྱེན།།
        དེ་མིན་རྩམ་ཁུག་དྲ་བའི་དགེ་རྒན་ཚོས་སློབ་ཁྲིད་ཞོར་གྱི་དུས་ཁོམས་ནང་སློབ་གྲྭ་དང་། ཚོགས་པ། སྐུ་སྒེར་གྱི་བོད་ཡིག་དྲ་བ(ཚོང་ལས་རིགས་མིན་དགོས)རིན་མེད་དུ་བཟོ་རྒྱུའི་འཆར་གཞི་ཡང་ཡོད་པས་དགོས་པ་ཡོད་རིགས་རྩམ་ཁུག་དྲ་བ་ལས་དོ་དམ་པར་འབྲེལ་བ་བྱོས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།