ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > གངས་རྩེ་རྟགས་ཅན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་འགྲན་བསྡུར་མཇུག་སྒྲིལ།
གངས་རྩེ་རྟགས་ཅན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་འགྲན་བསྡུར་མཇུག་སྒྲིལ།
རྩོམ་པ་པོ།:《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-18 09:25:00
ཀློག་གྲངས།:
སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བོད་སྐད་ཡིག་གི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་ཆེད། 《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གིས་ལོ་རེར་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཐེངས་རེ་སྤེལ་བཞིན་ཡོད་ལ། སྤྱི་ཚོགས་སྟེང་གདེང་འཇོག་ཀྱང་མི་དམན་པ་ཐོབ་དང་འཐོབ་བཞིན་ཡོད།
ད་ལོར་ཡང“དྲིན་ལ་དྲིན་དུ་གོ་བ”ཞེས་པ་བརྗོད་བྱར་བཟུང་ནས། ཉེ་སྔོན། 《གངས་རྒྱན་ན་ཆུང་ཚགས་པར》སྟེང་རྩོམ་ཡིག་འགྲན་སྡུར་ཐེངས་ཤིག་སྤེལ་ནས་ཡོངས་སུ་མཇུག་སྒྲིལ་བ་ཡིན་ལ། རེབ་འདིའི་རྩོམ་ཡིག་འགྲན་སྡུར་ལ་སྔ་ཕྱིར་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཁག་ནས་སློབ་མའི་རྩོམ་ཡིག200ལྷག་འབྱོར་ཞིང༌། དེ་ལས་རྩོམ་ཡིག55གདམ་གསེས་བགྱིས་ནས་ཚགས་པར་སྟེང་སྤེལ་པ་ཡིན།
བྱ་འགུལ་འདི་སྤེལ་བར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང“གངས་རྩེ་ཁང་ས་ཚད་ཡོད་ཀུང་ཟི”ཡི་སྤྱི་གཉེར་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བར《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གིས་ཁ་བ་རི་བའི་ཆུང་འབྲིང་སློབ་མ་ཡོངས་ཀྱི་ཚབ་བྱས་ནས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་ཆབས་ཅིག ཁོང་གི་བྱ་བཞག་ཡར་ངོའི་ཟླ་ལྟར་འཕེལ་ཞིང༌བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་འདེབས།
དྲིན་ལ་དྲིན་དུ་གོ་བ་ཞེས་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་རྩོམ་ཡིག་དང་རྩོམ་པ་པོའི་མིང་ཐོ།
ཨང་དང་པོ།
《བདག་ཅག་ལ་ཤ་ཚ་བའི་ཧྲུའུ་ཅི》། སེམས་ཉིད་སྒྲོལ་མ། སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་མཐོ་འབྲིང་དང་བོའི་འཛིན་གྲྭ་གཉིས་པ།
ཨང་གཉིས་པ།
《སྣུམ་སྒྲོན》། ཀུན་འདུན་མཚོ། མཚོ་སྔོན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་གཉིས་འཛིན་གྲྭ་གསུམ་པ།
《ཨ་ནེ་དྲིན་ཆེན་མ》ཚེ་གཟུངས་སྐྱིད། མཚོ་སྔོན་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་དམའ་འབྲིང་དང་བོའི་འཛིན་གྲྭ་ལྔ་བ།
ཨང་གསུམ་པ།
《ཚོར་མ་མྱོང་བའི་དྲིན》། པདྨ་སྐྱིད། ཀན་སུའུ་གཙོས་བོད་རིགས་སློབ་འབྲིང་གི་མཐོ་གཅིག་འཛིན་གྲྭ་བཞི་བ།
《དྲིན་ཆེན་ཕ་ལོ》དཀོན་མཆོག སི་ཁྲོན་ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་བརྒྱད་པ།
《ཨ་ཕྱི་དྲིན་མོ་ཆེ་ལ་དྲིན་ལན་གཞལ་མ་ཐུབ》སངས་རྒྱས་ལྷ་གོས། སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དམའ་གསུམ་འཛིན་གྲྭ་དང་བོ།
རྟིང་སྐུལ།
《ངའི་མ་ཡར》། བྱམས་མཚོ་སྐྱིད། མཚོ་སྔོན་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་དམའ་གཉིས་འཛིན་གྲྭ་གསུམ་པ།
《ཨ་མའི་དྲིན་ལན》། ཁམས་ཏེ། སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་མཐོ་གཅིག་འཛིན་གྲྭ་གཉིས་པ།
《ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད》། པདྨ་མཚོ། བོད་རང་སྐྱོང་ལྗོངས་ལྷ་ས་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་ལྔ་བ།
《ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་དྲན་པ》། སངས་རྒྱས་ཆོས་འཕེལ། བོད་ལྗོངས་ཉིང་ཁྲི་ས་ཁུལ་མཐོ་རིམ་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་དང་བོ།
《དྲིན་ལ་དྲིན་དུ་གོ་དགོས》། ལྕགས་མོ་རྒྱལ། མཚོ་སྔོན་ཐུན་རིན་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་གཉིས་འཛིན་གྲྭ་གསུམ་པ།
ཐེངས་འདིའི་འགྲན་ཞུགས་རྩོམ་ཡིག་ཁྲོད། སའི་གོ་ལའི་བཀའ་དྲིན་གླེང་བ་དང༌། དྲིན་ཆེན་ཕ་མ་དང་དགེ་རྒན་གྱི་བཀའ་དྲིན་བརྗོད་པ། མ་ཡུམ་སློབ་གྲྭའི་འདས་སོང་གི་ལོ་ཟླ་དྲན་པ། སྒོ་ཕྱུགས་རྟ་ནོར་ལུག་གསུམ་གྱི་དྲིན་དྲན་ནས་དེར་གཅེས་སྐྱོང་བྱ་དགོས་པ་སོགས་བརྗོད་གཞིར་བཟུང་སྟེ། ཟུར་སྣ་མི་འདྲ་བ་ནས་བརྗོད་འདོད་པའི་སེམས་ཀྱི་སྐད་ཆ་གསལ་བོར་མཚོན་ཡོད་ཁར། ནང་དོན་ཕུན་སུམ་ཚོགས་ལ། བརྗོད་བྱ་གནད་དུ་ཁེལ་ཡོད་པར་མ་ཟད། ཚིག་གི་སྦྱོར་བའི་ཐད་ནས་ཀྱང་གསོན་ཉམས་ལྡན་འདུག གྲུབ་འབྲས་འདི་དག་ནི་དགེ་སློབ་དག་གིས་བརྩོན་པའི་རྒྱུན་མ་ལྷོད་པའི་འབྲས་རྟགས་སུ་མངོན་ལ། རྗེས་ཕྱོགས་ཀྱང་འདི་ལྟ་བུའི་རྩོམ་ཡིག་འགྲན་སྡུར་དུ་ཞུགས་པ་ལ་ས་གནས་སོ་སོའི་སློབ་གྲྭས་གཙིགས་སུ་འཛིན་པ་དང༌། རྩ་འཛུགས་ཡོད་པའི་སྒོ་ནས་ཞུགས་ན། སློབ་མ་རྣམས་ཀྱི་རྩོམ་འབྲིའི་ནུས་པ་གོང་འཕེལ་དུ་གཏང་ཐུབ་པ་དང༌། ལེགས་ཉེས་བླངས་དོར་བྱེད་པར་སྨན་པ་གདོན་མི་ཟའོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།