“གངས་རྩེ”རྟགས་ཅན་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བརྡ།

རྩོམ་པ་པོ།:《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-18 09:59:00 ཀློག་གྲངས།:
        སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོ་ཆུང་བྱིས་པའི་དུས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞིང༌། དེ་ཉིད་སྦྱངས་པ་ལ་བརྟེན་ནས་མི་རིགས་རིག་གནས་མ་ཉམས་གོང་འཕེལ་དང༌། ཉམས་པ་སོར་ཆུད་གཏོང་བ་དང༌། སྒོས་སུ་རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། རང་ཉིད་དང་འབྲེལ་བའི་འཚོ་བ་ཙག་ཙིག་མཚོན་པའི་རྩོམ་ཡིག་ཐན་ཐུན་རེ་བྲི་ཐུབ་པར་དམིགས་ནས། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང“གངས་རྩེ་ཁང་ས་ཚད་ཡོད་ཀུང་ཟི”དང《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གཉིས་ཀྱིས་ལོ་རེར《གངས་རྒྱན་ན་ཆུང་ཚགས་པར》སྟེང་རྩོམ་ཡིག་འགྲན་སྡུར་ཐེངས་རེ་སྤེལ་བཞིན་ཡོད།
        ད་ལོར་ཡང“ཉིན་གཅིག་གི་མཐོང་ཐོས”ཞེས་པ་བརྗོད་བྱར་བཟུང་ནས2013ལོའི་ཟླ10བ་ནས2014ལོའི་ཟླ6བར་དུ《གངས་རྒྱན་ན་ཆུང་ཚགས་པར》སྟེང་རྩོམ་ཡིག་འགྲན་སྡུར་ཐེངས་ཤིག་སྤེལ་རྒྱུ་ཡིན་ལ། བརྗོད་བྱ་ཉིན་གཅིག་གི་མཐོང་ཐོས་མྱོང་གསུམ་གཞིར་བཟུང་སྟེ། ཚིག་ལྷུག་གི་ལམ་ནས་རྩོམ་ལུས་གང་རུང་སྤྱད་ནས་བྲིས་ཆོག ཡིག་འབྲུ་ཆིག་སྟོང་ཡས་མས་ཡིན་དགོས།
        དེ་ཡང་བྱ་དགའ་ཐོབ་མཁན་གྱི་སློབ་མར་བྱ་དགའི་རྟགས་མ་དང༌། དངུལ། དཔང་ཡིག་བཅས་བསྩལ་ཏེ། མི་རིགས་རིག་གནས་ལ་དགའ་ཞེན་ཆེ་ཞིང༌། མི་རིགས་སྐད་ཡིག་གི་ལན་ནས་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏང་བར་སྐུལ་འདེད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་དགེ་རྒན་དག་གིས་རང་གི་སློབ་མ་རྣམས་རྩ་འཛུགས་བྱས་ནས་རྩོམ་ཡིག་འགྲན་སྡུར་ཁྲོད་ཞུགས་རྒྱུར་དགའ་བསུ་དང༌། རང་ཉིད་ཀྱི་སྦྱངས་ཟིན་པའི་ཤེས་བྱ་དང་བློ་གྲོས་ཡོད་ཚད་རྩལ་སྤྲུགས་སྒོས་སྨྱུག་ཁར་དྲངས་ཏེ། སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱིས་ཀུན་སློང་གཙང་མས་མཐུན་རྐྱེན་བསྐྲུན་པ་ལ་རམ་འདེགས་དང་སྡོངས་གྲོགས་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།