རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་གྲོས་ཞིབ་ཚོགས་འདུ་སྐབས་བཅོ་ལྔ་པ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-18 11:13:00 ཀློག་གྲངས།:

  ཉེ་ཆར། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་གྲོས་ཞིབ་ཚོགས་འདུ་སྐབས་བཅོ་ལྔ་པ་དེ་ལྷ་ས་རུ་བསྡུས་པ་རེད། རྒྱལ་ཡོངས་ཀྱི་ལྗོངས་ཞིང12ནས་ཡོང་བའི་མི་རིགས14དངའཐུས་མི80། འབྲེལ་ཡོད་ཀྱི་ཆེད་མཁས་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་ལ། ཁྱོན་བསྡོམས་རིག་གཞུང་དཔྱད་རྩོམ147བསྡུས་པ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བློ་བཟང་བསྟན་འཛིན་ལགས་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་སྟེ། རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་གྲོས་ཞིབ་ཚོགས་འདུ་ནི་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་ཀྱི་ལོ་ཙཱའི་གཞུང་ལུགས་དང་། ལོ་ཙཱའི་ཐབས། ལོ་ཙཱའི་ཉམས་མྱོང་སོགས་ཕན་ཚུན་བརྗེ་རེས་དང་བགྲོ་གླེང་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། ཐེངས་འདིའི་ཚོགས་འདུས་བསྒྱུར་ཡིག་གི་སྤུས་ཚད་མཐོར་འདེགས་དང་མི་རིགས་སྐད་ཡིག་གི་ལོ་ཙཱའི་བྱ་གཞག་གོང་དུ་འཕེལ་བར་ནུས་པ་གལ་ཆེན་ཐོན་ཐུབ་པར་སྨོན་ཞེས་བརྗོད་པ་རེད།
  རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་གྲོས་ཞིབ་ཚོགས་འདུས་གནས་བབ་གསར་བའི་འོག་མི་རིགས་སྐད་ཡིག་གི་ལོ་ཙཱའི་བྱ་བ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་གཞུང་ལུགས་ཀྱི་ཞིབ་འཇུག  བརྡ་ཆད་གསར་པའི་ལོ་ཙཱ་དང་གཅིག་གྱུར། ཚད་ལྡན་དུ་གཏོང་བ། རླུང་བརྙན་འཕྲིན་དང་གསར་འགྱུར་པར་བསྐྲུན། དྲ་རྒྱ་སོགས་སྨྱན་སྦྱོར་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ད་ལྟའི་གནས་བབ་དང་འཕེལ་ཕྱོགས་སོགས་ཀྱི་ཐད་གྲོས་ཞིབ་རྒྱ་ཆེན་པོ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།