མཚོ་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྤོ་ཆོག་རིག་དངོས་རྩིས་བཤེར་སྐུལ་སློང་ཚོགས་འདུ་ཐེངས་དང་པོ་བསྡུས་པ།
ཚོགས་འདུའི་ཡུལ་དངོས།
ཟླ9པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་རྒྱལ་ཡོངས་ཀྱི་སྤོ་ཆོག་རིག་དངོས་རྩིས་བཤེར་སྐུལ་སློང་ཚོགས་འདུ་ཐེངས་དང་པོ་བསྡུས་ཤིང་། རྩིས་བཤེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཀྱི་འགོ་ཁྲིད་སོགས་ཚོགས་འདུར་ཞུགས་ནས་མཚོ་ལྷོ་ཁུལ་གྱི་སྤོ་ཆོག་རིག་དངོས་རྩིས་བཤེར་བྱ་བ་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ཐེངས་དང་པོའི་སྤོ་ཆོག་རིག་དངོས་རྩིས་བཤེར་བྱ་བའི་འགན་འཁུར་དང་དུས་ཚོད་སོགས་གཏན་འཁེལ་བྱས་ཤིང་། ཐེངས་འདིའི་ཚོགས་འདུ་བསྡུས་པ་འདིས་མཚོ་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྤོ་ཆོག་རིག་དངོས་རྩིས་བཤེར་བྱ་བ་དངོས་སུ་འགོ་ཚུགས་པ་མཚོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com