ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་གཅེས་བསྡུས》ཀྱི་ལེགས་སྒྲིག་བྱ་བ་བདེ་བླག་ངང་སྤེལ་པ།
《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་གཅེས་བསྡུས》ཀྱི་ལེགས་སྒྲིག་བྱ་བ་བདེ་བླག་ངང་སྤེལ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-19 11:22:00
ཀློག་གྲངས།:
ཟླ9པའི་ཚེས16ཉིན། 《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་གཅེས་བསྡུས》ལེགས་སྒྲིག་བྱ་བ་བདེ་བླག་ངང་སྤེལ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་གཅེས་བསྡུས》རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་ཡོངས་ཀྱི་ཚོགས་འདུ་བསྡུས་ནས། དཔེ་རྙིང་ལེགས་སྒྲིག་བྱས་པའི་ཚུན་གྱི་བྱ་བ་ཡོངས་ལ་སྤྱི་བསྡོམས་དང་། དཔེ་རྙིང་ལེགས་སྒྲིག་གི་གྲོན་དངུལ་བཀོལ་སྤྱོད་བྱས་ཚུལ་གསལ་བསྒྲགས། དུས་རིམ་རྗེས་མའི་བྱ་བའི་འགན་འཁུར་བཀོད་སྒྲིག་བཅས་བྱས་པ་རེད།
2012ལོའི་ཟླ3པར《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་གཅེས་བསྡུས》ལེགས་སྒྲིག་གི་བྱ་བ་དངོས་སུ་འགོ་བརྩམས་པ་ནས་བཟུང་། གསེར་ཆེན་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་རྩ་འཛུགས་ཞིབ་ཚགས་དང་འགན་འཁྲི་དོན་འཁྱོལ་བྱས་པར་བརྒྱུད་ནས། མིག་སྔར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་པོ་ཏི9དང་ཁག90གཏགས་ཚར་པར་མ་ཟད། ནང་དོན་ལྟར་པོ་ཏི20རུ་བགོས་པ་དང་། པོད་རེར་ཡིག་གྲངས་ཁྲི40། ཁྱོན་བསྡོམས་ཡིག་གྲངས་ཁྲི800ལྷག་ཡོད་པ་རེད།
ཚོགས་འདུས་དཔེ་རྙིང་ལེགས་སྒྲིག་གི་རིམ་པ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས་པ་སྟེ། 2013ལོའི་ཟླ9པ་ནས2014ལོའི་ཟླ4པའི་བར་བརྩམས་ཆོས་ཡོངས་ཀྱི་ཞུ་དག་ཐེངས་དང་པོ་དང་གཉིས་པ་ལེགས་འགྲུབ་འབྱུང་དགོས་པ་དང་། 2014ལོའི་ཟླ5པར་མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་ལ་མཐུན་སྦྱོར་བྱས་ནས་པར་བསྐྲུན་བྱེད་རྒྱུའི་ཐག་གཅོད་དགོས་པར་མ་ཟད། ཞུ་དག་ཐེངས་གསུམ་པ་དང་ཐེངས་བཞི་པ་བྱེད་དགོས། 2015ལོར་པར་བསྐྲུན་གྱི་བྱ་བ་ཡོངས་ལེགས་པོར་བསྒྲུབ་ཐོག པར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།