རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་བོད་གླུ་བརྒྱུད་ཁྲིད་བསླབ་སྦྱང་བྱ་འགུལ་བསྡུས་པ།
དམངས་ཁྲོད་གླུ་བས་དཔའ་རིས་བོད་གླུ་ལེན་བཞིན་པ།
མང་ཚོགས་ཀྱིས་དཔའ་རིས་བོད་གླུ་བསླབ་སྦྱང་བྱེད་ཀྱིན་པ།
ཉེ་ཆར། དཔའ་རིས་མི་དམངས་ཀྱིས་རང་འགུལ་གྱིས་རྩ་འཛུགས་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་བོད་གླུ་བརྒྱུད་ཁྲིད་བསླབ་སྦྱང་བྱ་འགུལ་དེ་དཔའ་རིས་རྫོང་མི་རིགས་ཐང་ཆེན་དུ་བསྡུས་པ་རེད། ཉིན་དེར་དཔའ་རིས་བོད་རིགས་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་གྱིས་སྤྲས་ཤིང་ལག་ཏུ་ལྷ་རྫས་ཁ་བཏགས་དཀར་པོ་བཟུང་ནས་སྤྲོ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་སྟེ་ཁོར་ཡུག་ཀུན་དུ་དགའ་བའི་དཔལ་གྱིས་ཁེངས་སུ་བཅུག
དཔའ་རིས་བོད་གླུ་ནི་ཀན་སུའུ་དཔའ་རིས་ཡུལ་དུ་དར་ཁྱབ་ཆེ་ཞིང་། ཆེས་ཐོག་མར་དམངས་ཁྲོད་ཀྱི་ངག་ཐོག་གསར་རྩོམ་ནས་བྱུང་བ་ཡིན། ཚིག་འབྲུ་བབ་ཆགས་ཤིང་དབྱངས་རྟ་ཅུང་མགྱོགས་ལ། ཀུན་གྱིས་ཡིད་ལ་འཛིན་བདེ་ཞིང་ངག་ལ་ལེན་བདེ་ཞིག་ཡིན་པ་རེད།
ལྟད་མོ་བ་རྣམས་ཀྱིས་དཔའ་རིས་བོད་གླུ་ལ་ཉན་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com