ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 2014ལོའི་རྒྱལ་ཡོངས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་མིང་ཐོ་འགོད་པའི་དུས་ཚོད་གཏན་འཁེལ་བྱས།
2014ལོའི་རྒྱལ་ཡོངས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་མིང་ཐོ་འགོད་པའི་དུས་ཚོད་གཏན་འཁེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན།
དུས་ཚོད།:2013-09-22 09:56:00
ཀློག་གྲངས།:
སྤྱི་ཟླ9བའི་ཚེས17ཉིན། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ2014ལོའི་རྒྱལ་ཡོངས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་སྤྱི་ལོ2014ལོའི་སྤྱི་ཟླ1པོའི་ཚེས4ཉིན་ནས་ཚེས6ཉིན་བར་ལ་གཏན་འཁེལ་བྱས་ཡོད་པས་རྒྱུགས་ལེན་ཐོ་འགོད་ཀྱི་ལས་ཀ་དེ་ནས་བཟུང་འགོ་འཛུགས་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2014ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ཀྱི་མིང་ཐོ་འགོད་སྟངས་དེ་སྔར་བཞིན་དྲ་ཐོག་ལ་མིང་ཐོ་འགོད་རྒྱུ་དང་ས་ཆ་དངོས་ལ་གཏན་འཁེལ་བྱེད་རྒྱུ་གཉིས་ཟུང་འབྲེལ་གྱི་བྱ་ཐབས་འཛིན་རྒྱུ་རེད།
དྲ་ཐོག་ལ་མིང་ཐོ་འགོད་པའི་དུས་ཚོད་ནི་དུས་མཚམས་གཉིས་ལ་དབྱེ་ཡོད་པ་དེའང་། སྤྱི་ཟླ9བའི་ཚེས25ཉིན་ནས28ཉིན་བར་གྲ་སྒྲིག་གི་མིང་ཐོ་འགོད་པའི་དུས་མཚམས་ཡིན་ཞིང་། གཙོ་བོ་ལོ་འདི་གའི་དངོས་གཞིའི་སློབ་ཐོན་སློབ་མའི་མིང་ཐོ་འགོད་རྒྱུ་དེ་རེད། སྤྱི་ཟླ10བའི་ཚེས10ནས31ཉིན་བར་ནི་མིང་ཐོ་དངོས་སུ་འགོད་པའི་དུས་མཚམས་ཡིན་པས་རྒྱུགས་ལེན་སློབ་མ་ཚང་མས་མིང་ཐོ་འགོད་ཆོག་པ་དང་དུས་མཚམས་གཉིས་སུ་བགོས་ནས་མིང་ཐོ་འགོད་ཆོག
འབྲེལ་ཡོད་སྡེ་ཁག་ནས་རྒྱ་ཆེའི་རྒྱུགས་ལེན་སློབ་མའི་དྲ་ཐོག་མིང་ཐོ་འགོད་སྟངས་དང་འབྲེལ་ཡོད་ཚན་པའི་དྲ་ཐོག་ལ་མིང་ཐོ་འགོད་སྟངས་ཀྱི་སྤྱི་བསྒྲགས་ནི་ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་བའི་ཐོག་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས་དུས་ཐོག་ལ་འཚོལ་དགོས་པ་དང་ཆབས་ཅིག བླང་བྱ་ལྟར་མིང་ཐོ་འགོད་རྒྱུའི་འབྲེལ་ཡོད་གྲ་སྒྲིག་ལས་ཀ་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད་། དུས་མཚུངས་རྒྱ་ཆེའི་རྒྱུགས་ལེན་སློབ་མ་རྣམས་མིང་ཐོ་འགོད་པའི་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ནས་མིང་ཐོ་འགོད་མཁན་མང་ཤོས་ཀྱི་དུས་ཚོད་ལ་མ་འཁེལ་བ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།