ཡུལ་ཤུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་གྲྭའི་ལོ་འཁོར་གཅིག་གི་དགའ་སྟོན་བྱ་འགུལ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-22 11:07:00 ཀློག་གྲངས།:

ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་ལོ་འཁོར་གཅིག་གི་དགའ་སྟོན་བྱ་འགུལ་སྤེལ།
ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་ལོ་འཁོར་གཅིག་གི་དགའ་སྟོན་བྱ་འགུལ་སྤེལ།

        ཟླ9བའི་ཚེས18ཉིན། ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་ལོ་འཁོར་གཅིག་གི་དགའ་སྟོན་བྱ་འགུལ་གཟབ་རྒྱས་ངང་སྤེལ་ཞིང་། ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་། རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། སྤུན་ཟླའི་སློབ་གྲྭ  མཛའ་འབྲེལ་ལས་ཁུངས། དེ་མིན་འབྲེལ་ཡོད་སྡེ་ཁག  སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་བཅས་ཐེངས་འདིའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།
        ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ནི་ཡུལ་ཤུལ་ཁུལ་གྱིས་ཁུལ་ཡོངས་ཆུང་འབྲིང་སློབ་གྲྭའི་སློབ་གསོའི་སྒྲིག་གཞི་ལེགས་སྒྲིག་འཆར་འགོད་ལྟར། 2010ལོེར་ས་འགུལ་རྗེས་སུ་བསྐྱར་འཛུགས་བྱས་པའི་བཅའ་སྡོད་བྱེད་པའི་མཐོ་རིམ་སློབ་འབྲིང་ཞིག་ཡིན་ལ། སློབ་གྲྭ་ཡོངས་སུ་བྱ་འགུལ་ཁུལ་དང་། གཞུང་སྒྲུབ་ཁུལ། སློབ་གསོའི་ཁུལ། འཚོ་བའི་ཁུལ། ཕྱོགས་བསྡུས་ཁུལ་བཅས་ཀྱིས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ39800དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ33000ཡིན། སྡོམ་པས་མ་དངུལ་སྒོར་ཁྲི13385བཏང་། མིག་སྔར་སློབ་མ1900ལྷག་དང་། འཛིན་གྲྭ37། སློབ་སྒྲུབ་དགེ་རྒན221ཡོད།
        ཐེངས་འདིའི་རྟེན་འབྲེལ་མཛད་སྒོ་ནི་ཁག་གཉིས་སུ་དབྱེ་ཡོད་དེ། ཁག་དང་པོ་ནི་རྟེན་འབྲེལ་མཛད་སྒོ་བསྡུ་བ་དང་། འགོ་ཁྲིད་ཀྱིས་གཏམ་བཤད་གནང་བ། དར་སྐྱེས་འབུལ་བ། སློབ་གྲྭར་གཟིགས་ཞིབ་བྱེད་པ་བཅས་དང་། ཁག་གཉིས་པ་ནི་རིག་རྩལ་འཁྲབ་སྟོན་ཡིན། གཞན་ཡང་། རྟེན་འབྲེལ་མཛད་སྒོའི་སྟེང་། དགེ་རྒན40ལ“ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་འཛིན་བདག  གཟེངས་ཐོན་བྱས་རྗེས་ཀྱི་བྱ་དགའ”སོགས་གཟེངས་བསྟོད་བྱ་དགའ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།