ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-25 09:42:00 ཀློག་གྲངས།:
  ཟླ9པའི་ཚེས23ཉིན། ཀན་སུའུ་ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་མི་རིགས་ས་ཁུལ་གྱི་འདྲི་གཅོད་ལག་བསྟར་བྱ་བར་ལེགས་པོར་བསྟུན་ཆེད། མི་རིགས་ཁྲིམས་དཔོན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ནས། གཙོ་བོ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་ལ་གསོ་སྦྱོང་བྱ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་གསོ་སྦྱོང་སློབ་གླིང་ཀན་ལྷོའི་ཡན་ལག་སློབ་གླིང་དུ་གཙོ་བོ་ལས་ཐོག་ཏུ་ཡོད་པའི་ཁྲིམས་དཔོན་དང་རམ་འདེགས་པ་རྣམས་ལ་བོད་དང་། ཡུ་གུར། སོག་པོ་སོགས་མི་རིགས་ཀྱི་སྐད་དང་ཡི་གེའི་སྐད་གཉིས་སློབ་གསོའི་གསོ་སྦྱོང་བྱ་བ་བསྒྲུབ་པ་དང་། དེའི་མཚུངས་སུ་ཀན་ལྷོ་ཁུལ་ཁྲིམས་དཔོན་དཔུང་སྡེའི་སློབ་གསོ་གསོ་སྦྱོང་དང་ཞིང་ཆེན་ནང་ཁུལ་གྱི་མི་རིགས་གཞན་པའི་ཁྲིམས་དཔོན་གྱི་ལས་འགན་འཁུར་བ་དང་གོ་གནས་སྤར་བའི་ཐོབ་ཐང་གི་གསོ་སྦྱོང་། འདྲི་གཅོད་ལག་བསྟར་ལས་སྒོའི་གསོ་སྦྱོང་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།