ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ནག་ཆུ་ས་ཁུལ་གྱི་ཞིན་ཧྭ་དཔེ་ཁང་མི་འགོར་བར་རྫོང་སོ་སོ་རུ་སྒོ་འབྱེད་རྒྱུ།
ནག་ཆུ་ས་ཁུལ་གྱི་ཞིན་ཧྭ་དཔེ་ཁང་མི་འགོར་བར་རྫོང་སོ་སོ་རུ་སྒོ་འབྱེད་རྒྱུ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-27 10:33:00
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཞིན་ཧྭ་དཔེ་ཁང་གི་སྒྲིག་ཆས་ཡུན་གྱིས་འཐུས་ཚང་དུ་འགྲོ་བཞིན་ཡོད་ཅིང་། ད་ལོར་ནག་ཆུ་ས་ཁུལ་གྱི་རྫོང་སོ་སོར་ཧ་ལམ་སྒོར་ཁྲི19.73ལྷག་གི་འཁོར་སྐྱོད་དཔེ་ཚོང་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་དང་། རྫོང་རིམ་པ་སོ་སོའི་ཞིན་ཧྭ་དཔེ་ཁང་གི་རྨང་གཞིའི་འཛུགས་སྐྲུན་ལས་གཞིའང་བདེ་བླག་ངང་སྤེལ་གྱི་འདུག་ལ། རྫོང་སོ་སོའི་ཞིན་ཧྭ་དཔེ་ཁང་མི་འགྱངས་པར་སྒོ་འབྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། མ་དངུལ་སྒོར་ཁྲི1380བཏང་བ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4600ཡོད་པའི་ལྷ་རི་རྫོང་དང་། སྙན་རོང་རྫོང་། སོག་རྫོང་། འབྲི་རུ་རྫོང་། ཨ་མདོ་རྫོང་། དཔལ་མགོན་རྫོང་། ཤན་རྩ་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་སོགས་རྫོང9ཡི་རྫོང་རིམ་པའི་ཞིན་ཧྭ་དཔེ་ཁང་གི་འཛུགས་སྐྲུན་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད།
ལས་གཞི་འདི2012ལོའི་སྤྱི་ཟླ5བར་ནག་ཆུ་ས་ཁུལ་གྱི་རྫོང་སོ་སོས་འགན་ཁུར་ཏེ་ལག་བསྟར་བྱེད་པ་ཡིན། མིག་སྔར། ཨ་མདོ་རྫོང་དང་། སྙན་རོང་རྫོང་། ཉི་མ་རྫོང་གི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ཡོད་ཅིང་། དཔལ་མགོན་རྫོང་དང་། ཤན་རྩ་རྫོང་། ལྷ་རི་རྫོང་བཅས་ཀྱི་འཛུགས་སྐྲུན་ལས་གཞི་ད་ལོའི་སྤྱི་ཟླ5བར་ལས་མགོ་བརྩམས། ད་སྔ་སྤྱིའི་བཟོ་སྐྲུན་གྱི40%ལེགས་འགྲུབ་བྱུང་ཡོད་ལ། སྔོན་རྩིས་ལྟར་ན་ཟླ9བའི་ཟླ་མཇུག་གམ་ཟླ10བའི་ཟླ་སྟོད་དུ་ཡོངས་སུ་ལེགས་འགྲུབ་འབྱུང་ངེས། སོག་རྫོང་དང་འབྲུ་རི་རྫོང་། མཚོ་གཉིས་རྫོང་བཅས་ཀྱིས་དུས་སྔོན་བྱ་བར་འབད་ཀྱི་ཡོད་ཅིང་། སྔོན་རྩིས་ལྟར་ན་ད་ལོའི་ལོ་མཇུག་བར་ནག་ཆུ་ས་ཁུལ་གྱི་རྫོང་སོ་སོའི་ཞིན་ཧྭ་དཔེ་ཁང་ཡོངས་སུ་ལེགས་འགྲུབ་འབྱུང་ངེས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།