ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་སྔོན་གྱི་རྩོམ་རིག་བརྩམས་ཆོས་ཁག་ཅིག་གཙོ་གྲས་ལས་གཞིར་ཚུད་པ།
མཚོ་སྔོན་གྱི་རྩོམ་རིག་བརྩམས་ཆོས་ཁག་ཅིག་གཙོ་གྲས་ལས་གཞིར་ཚུད་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-27 14:46:00
ཀློག་གྲངས།:
ཉེ་ལམ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས2013ལོའི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་བརྩམས་ཆོས་དང་། 2013ལོའི་གྲངས་ཉུང་མི་རིགས་རྩོམ་རིག་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་བརྩམས་ཆོས་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ10ཡི་བརྩམས་ཆོས་དེ་རུ་ཚུད་ཡོད་ཅིང་། དེ་ལས་བརྩམས་ཆོས1ནི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞི་དང་། བརྩམས་ཆོས9ནི་གྲངས་ཉུང་མི་རིགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད། འདི་ནི་ད་ལྟའི་བར་རོགས་སྐྱོར་ལས་གཞིར་ཚུད་པ་ཆེས་མང་བའི་ཐེངས་ཤིག་ཡིན།
དེའི་ཁྲོད། ལྷུག་རྩོམ《མཚོ་སྔོན་པོའི་མཛེས་ལྗོངས་ཧྲིལ་བོ》(སྙན་ཞུ་པ། ལུང་རིན་ཆེན)ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད་པ་དང་། མི་རིགས་སྐད་ཡིག་བརྩམས་ཆོས《དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་སྤྱི་བཤད》(སྙན་ཞུ་པ། ཆོས་སྐྱོང)། 《འཇུ་སྐལ་བཟང་གི་ལྷུག་རྩོམ་གཅེས་བསྡུས》(སྙན་ཞུ་པ། འཇུ་སྐལ་བཟང)། 《གངས་ལྷ་མེ་ཏོག》(སྙན་ཞུ་པ། བཀྲ་ཤིས་དོན་གྲུབ)། 《ཨ་ཕ། ཨ་ཕ།》(སྙན་ཞུ་པ། ཚེ་རིང་དོན་གྲུབ)། སྒྲུང་རིང《ཐང་ཅི་ཁི་ཏ་སྐུ་ཕྲེང་བརྒྱད་པ》(སྙན་ཞུ་པ། རྡོ་རྗེ་ཚེ་བརྟན)། 《བོད་སྤོས》(སྙན་ཞུ་པ། ཚེ་བརྟན)། 《འཆི་བའི་ཁ་དོག》(སྙན་ཞུ་པ། པདྨ་ཚེ་བརྟན)སོགས་བོད་ཀྱི་བརྩམས་ཆོས་དག་གྲངས་ཉུང་མི་རིགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞི་དང2013ལོའི་གྲངས་ཉུང་མི་རིགས་རྩོམ་རིག་གི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད།
ད་ལོར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞི་རྣམ་གྲངས112དང་། གྲངས་ཉུང་མི་རིགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞི་རྣམ་གྲངས90གཏན་འཁེལ་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།