བེེཌྰུརྱའི་སྙན་དེབ《འོད་དང་གྲིབ་མ》ཞེས་པའི་འདུ་འཛོམས་དཔྱད་གླེང་ཚོགས་པ།
བེེཌྰུརྱའི་སྙན་དེབ《འོད་དང་གྲིབ་མ》ཞེས་པའི་འདུ་འཛོམས་དཔྱད་གླེང་ཚོགས།
ཟླ9བའི་ཚེས27ཉིན་གྱི་དགོང་མོའི་ཆུ་ཚོད7:30སྟེང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་བེེཌྰུརྱའི་སྙན་དེབ《འོད་དང་གྲིབ་མ》ཞེས་པའི་འདུ་འཛོམས་དཔྱད་གླེང་ཚོགས་ཤིང་། མདོ་སྨད་ཧེ་རུ་ཀ་གཙོས་པའི་སྙན་ངག་པ10ལྷག་བཅས་སྡོམ་པས་བོད་ཀྱི་རིག་གནས་པ200ལྷག་འདུས་པ་རེད།
བོད་ཀྱི་སྙན་ངག་པ་མདོ་སྨད་ཧེ་རུ་ཀས་རང་ཉིད་ཀྱི་སློབ་བུ་བེེཌྰུརྱའི་སྙན་དེབ《འོད་དང་གྲིབ་མ》འདི་ཉིད་ནི།རང་ཉིད་དུངས་ཞེན་གྱིས་བཅིངས་པ་མིན་མོད། འདི་ཉིད་ནི་ངོམ་རིན་ཡོད་པ་ཞིག་དང་མཚོ་ངོས་ལས་སྨི་སུམ་སྟོང་ལྷག་མཐོ་བའི་ལྟེབས་ཁུག་ཅིག་ནས་འཁྲུངས་པའི་མེ་ཏོག་རྐང་གཅིག་ལགས་པས་ཁོ་བོས་དེ་ལ་གསེར་སྦྲང་དང་གཡུ་སྦྲང་མང་པོ་འཁོར་དུ་བཅུག་ན་འདོད་ཅེས་གསུངས་པར་མ་ཟད། སློབ་གླིང་རིག་གནས་ཀྱི་སྐོར་ལ་གླེང་མོལ་གནང་།
ན་གཞོན་སྙན་ངག་པ་བེེཌྰུརྱ་ཡིས་རྒྱ་ཆེའི་ཀློག་པ་པོར་སྙན་དེབ་འདི་ཉིད་ནི་རང་ཉིད་སྙན་ངག་ལ་དུངས་པའི་མཚོན་བྱེད་ཙམ་ཡིན་པ་ལས་སྙན་དེབ་འདིས་ཁོ་བོའི་སྙན་ངག་ལ་སྡོམ་ཚིག་འཇོག་མི་ནུས་ཏེ། རྒྱུ་མཚན་ནི་ངས་ད་དུང་མི་མཐུད་དུ་སྙན་ངག་བྲི་ངེས་པའི་ཕྱིར་ཞེས་གླེང་།
གངས་གཡུ་མཚོས་ལས་དང་པོ་བ་ཞིག་ལ་མཚོན་ན་སྙན་དེབ《འོད་དང་གྲིབ་མ》ནི་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་སོགས་ཕྱོགས་ཡོངས་ནས་བསམ་གཞིགས་ཀྱི་ཚད་ངེས་ཅན་ལ་སླེབས་པའི་སྙན་དེབ་ཅིག་རེད་ཅེས་བཤད་རྒྱུ་ཡིན་ཟེར།
སྙན་ངག་པ་མ་སངས་མཁའ་འགྲོས་སྙན་དེབ《འོད་དང་གྲིབ་མ》ཞེས་པའི་ནང་གི་སྙན་ངག་ཁ་ཤས་ཤིག་ལ་སྐྱོ་སྣང་གི་ཆ་ཆེ་དྲགས་པས་ངེས་འབྱུང་སྐྱེ་བཞིན་འདུག་སྙམ་པའི་ཚོར་སྣང་སྦྱིན་ཡོང་བ་ནི་རང་ངོས་སྐྱོན་འདོད་སྙམ། དེ་ནི་རང་གི་བསམ་ཚུལ་ཙམ་ཡིན་ཟེར།
འཇམ་དཔལ་རྒྱལ་གྱིས་སྙན་དེབ《འོད་དང་གྲིབ་མ》ལས་འཕྲོས་པའི་སྙན་ངག་པའི་འཆར་ཡན་གྱི་སྐོར་དང་ཁོ་རང་སྙན་དེབ་འདི་ཁྲོད་ཀྱི་བཅད་རྩོམ་ལ་ཧ་ཅང་དགའ་བོ་ཡོད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com