ནག་ཆུའི་དམངས་ཁྲོད་རིག་གནས་ཀྱི་དཔེ་ཚོགས《བྱང་ཐང་གི་རིག་གནས་ཕྱོགས་བསྒྲིགས》ཞེས་པ་ལེགས་སྒྲིག་བྱེད་འགོ་ཚུག

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-04 08:14:00 ཀློག་གྲངས།:

  ཉེ་ཆར། 《ནག་ཆུའི་དམངས་ཁྲོད་རིག་གནས་ཀྱི་དཔེ་ཚོགས》ཀྱི་བསྡུ་སྒྲིག་དང《བྱང་ཐང་གི་རིག་གནས་ཕྱོགས་བསྒྲིགས》ཀྱི་ལེགས་སྒྲིག་བྱ་བ་འགོ་བརྩམས་ཤིང་། རྒྱུས་ལོན་བྱུང་བ་ལྟར་ན《ནག་ཆུའི་དམངས་ཁྲོད་རིག་གནས་ཀྱི་དཔེ་ཚོགས》ཁྲོད་དམངས་གླུ་དང་། གཏམ་དཔེ། གབ་ཚིག གེ་སར་སྒྲུང་། ངག་རྒྱུན་སོགས་ཕུན་སུམ་ཚོགས་པ་འདུས་ལ། དེས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་ལ་ཅུང་ཆ་ཚང་བའི་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་ཐུབ་པ་རེད། 

  《བྱང་ཐང་གི་རིག་གནས་ཕྱོགས་བསྒྲིགས》ཁྲོད《བྱང་ཐང》ཞེས་པའི་དུས་དེབ་བསྒྲིགས་ནས་ལོ་ངོ་སུམ་ཅུ་ལྷག་འདས་པའི་རིང་འདོན་སྤེལ་བྱས་པའི་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག་ལེགས་ཤོས་བདམས་སྒྲིག་བྱས་ནས། ནག་ཆུ་ས་ཁུལ་གྱིས་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ཐད་བླངས་པའི་ཉམས་དགའི་སྨིན་འབྲས་མངོན་པར་མཚོན་པ་ཡིན། དམངས་ཁྲོད་རིག་གནས་དང་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཀྱི་འདེམ་སྒྲིག་བྱ་བ་བདེ་བླག་ངང་བསྒྲུབ་ཆེད། ནག་ཆུ་ས་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་རིག་དང་དམངས་སྲོལ་ཐད་ཀྱི་ཆེད་མཁས་འགའ་གདན་འདྲེན་བྱས་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།