གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་གཉིས་སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས་པ།
གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པའི་སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས་པ།
ཟླ10པའི་ཚེས10ཉིན། ཀྲུང་གོའི་བོད་ཀྱི་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ཡིག་སྡེ་ཁག་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་མི་རིགས་ཀྱི་གནའི་རྩོམ་རིག་ཞིབ་འཇུག་ཚོགས་པ། པེ་ཅིང་གྲོང་ཁྱེར་དགའ་ལྡན་བྱིན་ཆགས་གླིང་དོ་དམ་ཁང་སོགས་ཀྱིས་མཉམ་དུ་བསྒྲུབས་པའིགོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་གཉིས་སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་པེ་ཅིང་དུ་བསྡུས་པ་རེད། རྒྱལ་ནང་གི་ལོ་རྒྱུས་རིག་པ་དང་མི་རིགས་རིག་པ། བོད་རིག་པ། ཆོས་ལུགས། དམངས་སྲོལ་སོགས་ཀྱི་ཁྱབ་ཁོངས་ཀྱི་ཆེད་མཁས་དང་ཆོས་ལུགས་མི་སྣ50ལྷག་དཔྱད་གླེང་ཚོགས་འདུར་ཞུགས་པ་རེད།
དཔྱད་གླེང་ཚོགས་འདུའི་སྟེང་དཔྱད་རྩོམ30ལྷག་བསྡུས་ཤིང་། ཚོགས་ཞུགས་ཆེད་མཁས་དང་ཆོས་ལུགས་མི་སྣ་རྣམས་ཀྱིས་གཅིག་མཐུན་གྱི་བཞེད་པ་ལྟར་ན་རྒྱལ་ནང་གི་ཆེད་མཁས་རྣམས་ཀྱིས་གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པའི་བར་གྱི་འབྲེལ་འདྲིས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་བོ་ཆེ་འདི་ནི་ལོ་རྒྱུས་རིག་པ་དང་བོད་རིག་པའི་ཁྱབ་ཁོངས་ཀྱི་སྔ་ན་མེད་པའི་བྱ་གཞག་ཅིག་ཡིན་ཞིང་། འདི་ལྟ་བུའི་དཔྱད་གླེང་ཚོགས་འདུ་བསྡུས་པ་འདིས་པེ་ཅིང་ས་ཁུལ་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་བོད་འབྲེལ་གྱི་ལོ་རྒྱུས་བཟོ་འགོད་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་འདུག་ཅེས་བསྟན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com