ཁ་ན་ཏའི་སྐྱེས་མ་རྩོམ་པ་པོ་ཨེ་ལེའུ་སུ་མེན་ལོ་ལ2013ལོའི་ནོར་ཝེལ་རྩོམ་རིག་བྱ་དགའ་ཐོབ་པ།

རྩོམ་པ་པོ།:རེ་རྐང་གླིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-11 11:29:00 ཀློག་གྲངས།:

2013年诺贝尔文学奖揭晓 加拿大女作家门罗折桂
ཁ་ན་ཏའི་སྐྱེས་མ་རྩོམ་པ་པོ་ཨེ་ལེའུ་སུ་མེན་ལོ་ལ2013ལོའི་ནོར་ཝེལ་རྩོམ་རིག་བྱ་དགའ་ཐོབ་པ།

  ཟླ་10བའི་ཚེས་10ཉིན་གྱི་པེ་ཅིང་གི་དགོང་མོའི་ཆུ་ཚོད་བདུན་གྱི་སྟེང་སུའུ་ཏེན་གོང་མ་ཚང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། 2013ལོའི་ནོར་ཝེལ་རྩོམ་རིག་བྱ་དགའ་ཁ་ན་ཏའི་སྐྱེས་མ་རྩོམ་པ་པོ་ཨེ་ལེའུ་སུ་མེན་ལོ(Alice Munro)ལ་ཐོབ་ཡོད་པ་རེད། 

  ཨེ་ལེའུ་སུ་མེན་ལོ་ལགས་ཀྱིས་ན་ཆུང་དུས་ནས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འབད་ཅིང་།  དགུང་གྲངས་བརྒྱད་ཅུའི་བར་དུ་རྒྱུན་བསྐྱངས་ནས་ཡོད་པ་རེད།  ཁོ་མོ་ནི་ད་ཡོད་མིའི་རིགས་ཀྱི་སྒྲུང་ཐུང་རྩོམ་མཁན་གྱི་ཅོད་པན་ལྟ་བུ་ཡིན་པ་ནི།  འགའ་རེས་མོས་བྲིས་པའི་སྒྲུང་ཐུང་ཤོག་ངོས་སུམ་ཅུ་ཟིན་པ་ཙམ་གྱིས་ཀྱང་སྒྲུང་རིང་བར་མ་ཞིག་ལ་ཅོ་འདྲི་ཐུབ་ཅེས་གདེངས་འཇོག་ཚད་མཐོན་པོ་གནང་ནས་ཡོད།  

  ཁོ་མོས་སྒྲུང་གཏམ་གྱི་སྐུད་སྣེ་གཙོ་བོ་བུད་མེད་ཀྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་མཚོན་ནས་ཡོད་ལ།  ཁོ་མོས་རང་གི་མ་ཡུམ་ནི་སྒྲུང་གཏམ་གྱི་གལ་ཆེའི་འབྱུང་ཁུངས་དང་དཔེ་མཚོན་ས་གཅིག་པུ་ཡིན་པར་བཤད་ནས་ཡོད་པ་རེད།

  རེབ་འདིར་སུའུ་ཏེན་གོང་མ་ཚང་གིས་མོ་ལ་དེང་རབས་སྒྲུང་ཐུང་གི་གསེར་ཏོག་ཅེས་པའི་མཚན་སྙན་གྱི་ཐོག་ནས་བྱ་དགའ་སྤྲད་ནས་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།