རྡོ་སྦིས་རྡོ་རྗེས་སྒྲིག་རྩོམ་མཛད་པའི《མཚོ་ལྷོའི་རི་ཆུ་རིག་གནས》ཞེས་པ་འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-14 09:51:00 ཀློག་གྲངས།:

        རྒྱུས་ལོན་པ་ལྟར་ན། བོད་རིགས་རྩོམ་པ་པོ་རྡོ་སྦིས་རྡོ་རྗེས་སྒྲིག་རྩོམ་མཛད་པའི་མདོ་དབུས་མཐོ་སྒང་གི་རི་ཆུ་རིག་གནས་སྐོར་གྱི་བརྩམས་ཆོས་གཅེས་བསྡུས་གྲས་ཤིག་སྟེ《མཚོ་ལྷོའི་རི་ཆུ་རིག་གནས》ཞེས་པ་ཉེ་ལམ་འགྲེམ་སྤེལ་བྱས།
        བརྩམས་ཆོས་འདི་འགྲེམ་སྤེལ་བྱས་པ་ལས་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་རིགས་མི་དམངས་ཀྱི་ཁོར་ཡུག་གི་ལྟ་བ་དང་། སྐྱེ་ཁམས་ལྟ་བ། ཚེ་སྲོག་གི་ལྟ་བ་སོགས་ལ་དངོས་ཡོད་ཀྱི་ཁྲིད་སྟོན་ནུས་པ་ཆེས་ཆེར་ལྡན་ཞིང་། མདོ་དབུས་མཐོ་སྒང་གི་གནས་རི་ཁྲི་སྟོང་ནི་གདོད་མའི་བོན་ཆོས་ཀྱི་རང་བྱུང་དད་མོས་གོམས་སྲོལ་ལས་བྱུང་བར་ཁུངས་གཏུག་ལ། འདི་དག་ལས་རིག་གནས་མིའི་རིགསརིག་པ་དང་།  དམངས་སྲོལ་རིག་པ། སྐྱེ་ཁམས་རིག་གནས་རིག་པ། སྐད་བརྡ་རིག་པ། སློབ་གསོའི་རིག་པ་སོགས་ཀྱི་གལ་ཆེའི་ཆ་འཕྲིན་འདོན་ནུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།