སྐབས་བརྒྱད་པའི་མིག་གསུམ་པའི་རྩོམ་རིག་གླེང་སྟེགས་སྤེལ་བ།

རྩོམ་པ་པོ།:རྨས་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-15 10:14:00 ཀློག་གྲངས།:


སྐབས་བརྒྱད་པའི་མིག་གསུམ་པའི་རྩོམ་རིག་གླེང་སྟེགས་སྤེལ་བ།

  ཟླ10བའི་ཚེས14ཉིནསྐབས་བརྒྱད་པའི་མིག་གསུམ་པའི་རྩོམ་རིག་གླེང་སྟེགས་ཀྱི་འདུ་ཚོགས་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཤར་གླིང་དུ་བསྡུས་པ་རེད། 

  ཐེངས་འདིར་དགེ་རྒན་དོན་གྲུབ་ཚེ་རིང་ངམ་སྙན་ངག་པ་མཚོ་སྐྱེས་ལགས་དང་། སྙན་ངག་པ་མདའ་བཙན་པོ། མི་རིགས་སློབ་ཆེན་གྱི་སློབ་རའི་སྙན་ངག་པ་དུང་བུ་ཆོས་འབུམ་རྒྱལ། ཞིབ་འཇུག་སློབ་མ་འགའ་བཅས་ཁྱོན་མི་མགོ་ལྔ་བཅུ་ལྷག་ཚོགས་འདིར་ཞུགས། 

  ཐེངས་འདིར་སྙན་ངག་པ་གེ་སར་གྱི་སྙན་ངག<<ད་ནངས། རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་ང་རང་གཉིད་ལས་བསླངས་བྱུང>>ཞེས་པར་སོ་སོས་ངོས་ནས་དཔྱད་གཏམ་སྤེལ་བ་ཡིན་ལ། སློབ་མ་ཚོས་རང་གི་ཚད་ཡོད་ཀྱི་ཤེས་བྱ་དང་བསམ་བློའི་ཁྱབ་ཁོངས་ནས་ངོས་འཛིན་མི་གཅིག་པ་དང་མྱོང་སྟངས་མི་གཅིག་པ་དག་སྦ་གསང་མེད་པར་བཤད་པ་དང་། སྙན་ངག་པའི་སྒྱུ་མ་ཕུ་འདེད་ཀྱི་བསེད་འགྲོལ་དང་སྣེ་སྟོན་གྱིས་ལྷན་རྒྱས་ལ་བསམ་གཞིག་གི་ཡུལ་གསར་བ་བསྟན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།