《ཟླ་ཟེར》དུས་དེབ་དང་འབྲེལ་བའི་རྩོམ་བསྡུའི་བརྡ་ཐོ།

རྩོམ་པ་པོ།:གླིང་སྙན་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-16 16:34:00 ཀློག་གྲངས།:


 


        དེང་རབས་ན་གཞོན་སྙན་ངག་པའི་དཔུང་སྡེའི་ཁ་བྱང་གཅིག་པའི་སྙན་ངག་མཉམ་བྲིས་བགྱིས་ནས། ལོ་རེ་རེར་དུས་ཚིགས་བཞི་རུ་བགོས་ནས་ཁ་བྱང་འདོགས་རྒྱུ་གཏན་ལ་ཕབ། ན་ནིང་གི་དགུན་དུས་ནས་བཟུང་། ཁ་བྱང《སྟོང་བའི་དབྱིངས་སུ་བཟེད་པའི་ལག་ཟུང》དང་། 《ཚོར་བ་རླུང་ཡན་མ》། 《སེམས་ཀྱི་རས་ཡུག་དམར་པོ》 གསུམ་དུས་རེར་ན་གཞོན་སྙན་ངག་པ་གླིང་སྙན་གྲགས་དང་བདའ་ཚང་སྙེམས་གྲོལ། མགར་ཚང་དར་རྒྱས་གསུམ་གྱིས་བཏགས་ནས་མཉམ་བྲིས་བགྱིས་པ་དང་། དེ་དག་ལས་སྙན་ངག་དག《ཟླ་ཟེར》དུས་དེབ་དང《ཚོ་ལྔའི་ཚགས་པར》སོགས་སུ་ཆེད་བསྒྲིགས་བཟོས་ནས་བཀྲམ་ཟིན།
        ད་རེས་སྐབས་བཞི་བའམ་སྟོན་ཟླའི་ཁ་བྱང་གཅིག་པའི་སྙན་ངག་གི་ཁ་བྱང་གཏན་ལ་འབེབས་པ་བོ་མོག་བུ་ཡེ་ཤེས་སྐྱབས་ལགས་ཡིན་ཞིང་། ཁ་བྱང་ལ《འོ་ཇ་དཀར་ཡོལ་གང་དྲན་པ》ཞེས་བཏགས་ཡོད། ད་ནས་མཉམ་འབྲི་བྱེད་པའི་ཁ་བྱང་གཅིག་པའི་སྙན་ངག་ཡོད་དོ་ཅོག་ལས། མིང་ལ་མི་བལྟ་བར་འབུར་ཐོན་སྙན་ངག་བདུན་ཐེངས་རེ་རེའི་མཉམ་བྲིས་དག་ལས་བདམས་ཏེ། ཀན་ལྷོའི《ཟླ་ཟེར》དུས་དེབ་ཏུ་ལོ་རེ་རེ་བཞིན་དེབ་བཞི་བོའི་ནང་དུ་ཆེད་བསྒྲིགས་བཟོ་རྒྱུ་ཡིན་ལ། བདམས་ཐོན་བྱུང་རྗེས་དེབ་རེ་སྙན་ངག་པ་དེ་དག་ལ་བསྐུར་ངེས་ཡིན། ང་ཚོ་དང་མཉམ་འབྲི་བྱེད་པའི་སྙན་ངག་པ་དག་ལ་ཆེད་དུ་བརྡ་འདི་བཏང་བ་ཡིན།
        ངེས་རྒྱུ་ཞིག་ལ་སྙན་ངག་གི་བརྗོད་བྱ་ཁྲིམས་མཐུན་ཡིན་པ་ལས་རྩོམ་ལུས་ལ་ངེས་མེད་དུ་གཏན་འབེབས་བྱས་ཡོད་པ་དེའོ།།
རྩོམ་བསྡུ་དུས་ཡུན།
སྤྱི་ཟླ11པའི་སྔོན་དུ་ཡིན།
གློག་རྡུལ་ཡིག་ཟམ།
liangnianzhi2011@163.com


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།