《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-17 11:47:00 ཀློག་གྲངས།:
        ཉེ་ལམ། བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་མཛད་པའི《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་པེ་ཅིང་མཐུན་འབྲེལ་དཔེ་སྐྲུན་ཀུང་ཟི་གཉིས་མཉམ་འབྲེལ་སྒོས་པར་བསྐྲུན་འགྲེམ་སྤེལ་བྱས།
        《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ནི་བོད་ལྗོངས་ཀྱི་ས་གནས་མུ་འབྲེལ་རིག་གནས་ཀུན་འདུས་དཔེ་དེབ་ལས་ཁག་ཅིག་ཡིན་ཞིང་། དེང་རབས་རྒྱལ་སྤྱིའི་རིག་གནས་ཀུན་འདུས་དཔེ་དེབ་སྤྱི་སྤྱོད་ཀྱི་སྒྲིག་རྩོམ་རྣམ་པ་སྤྱད་དེ། ལྷ་སའི་ལོ་རྒྱུས་དང་། འགྱུར་ལྡོག་གསར་བ། ལྷ་སའི་ས་རྒྱུས་དང་། མི་ཆོས། སྤྱི་ཚོགས། དཔལ་འབྱོར། གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་སོགས་མཚམས་སྦྱོར་བྱས་ཡོད་ལ། སྒོས་སུ་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཐད་དགེ་མཚན་ཆེས་ཆེར་ལྡན།
        རྒྱུས་ལོན་པ་ལྟར་ན། 《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ཡི་སྒྲིག་རྩོམ་བྱ་བ་མགོ་བརྩམས་པ་ནས་བཟུང་དུས་ཡུན་ལོ་བརྒྱད་ལ་བསྒྲུབས་རྗེས་གཞི་ནས་ལེགས་འགྲུབ་བྱུང་། འདི་ལྟ་བུའི་ཆ་ཚང་བའི་མི་རིགས་རང་སྐྱོང་ལྗོངས་ཀྱི་རིག་གནས་ཀུན་འདུས་དཔེ་དེབ་སྒྲིག་རྩོམ་བྱེད་ཐུབ་པ་ནི་རང་རྒྱལ་རིག་གནས་ཀུན་འདུས་དཔེ་དེབ་སྒྲིག་རྩོམ་ལོ་རྒྱུས་སུ་ཐོག་དང་པོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་སུའང་སྔ་ན་མེད་པ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།