《སྐབས་དང་པོའི་བོད་ཀྱི་བྲོ་གཞས་རིག་གནས་གླེང་སྟེགས་དཔྱད་རྩོམ་ཕྱོགས་སྒྲིག》འགྲེམ་སྤེལ་བྱས་པ།
བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཚེ་སྐྱིད་ལགས་ཀྱིས་རལ་པའི་སྐོར་ནས་འཆད་ཁྲིད་གནང་བཞིན་པ།
ཟླ10པའི་ཚེས22ཉིན། སྐབས་བདུན་པའི་ཁམས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་རིག་གནས་གླེང་སྟེགས་སྟེང་། 《སྐབས་དང་པོའི་བོད་ཀྱི་བྲོ་གཞས་རིག་གནས་གླེང་སྟེགས་དཔྱད་རྩོམ་ཕྱོགས་སྒྲིག》ཅེས་པ་ཐོག་མར་འགྲེམ་སྤེལ་བྱས།
དཔྱད་རྩོམ་ཕྱོགས་སྒྲིག་ཁྲོད་ཆེད་མཁས་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་ཐད་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ40འདུས་ཤིང་། དེ་དག་ལ་རིག་གཞུང་ཞིབ་འཇུག་གི་རིན་ཐང་དང་ཆེད་ལས་གཞུང་ལུགས་ཀྱི་ཆུ་ཚད། ལག་ལེན་གྱི་མཛུབ་སྟོན་དོན་སྙིང་བཅས་ལྡན་པ་རེད།
སྐབས་འདིའི་གླེང་སྟེགས་ཀྱི་དགོངས་སྙིང་གཙོ་བོ་ནི་ཁམས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པར་བརྒྱུད་ནས། ཁམས་ཀྱི་རིག་གནས་ཀྱི་བྱུང་འཕེལ་ལ་རྩད་བསྡུར་བྱས་ཏེ། ཁམས་ཀྱི་རིག་གནས་ཀྱི་ཉིང་བཅུད་འདོན་སྤེལ་གསེད་དཀྲོལ་དང་རིག་གཞུང་དཔྱད་འབྲས་འགྲེམ་སྟོན་བྱས་མཐར། ཁམས་ཀྱི་རིག་གནས་གོང་དུ་སྤེལ་བར་ངེས་གཏན་བྱས་ནས། ཁམས་ཕྱོགས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་རེད།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་ལགས་དང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཚེ་སྐྱིད་ལགས་སོགས་ཆེད་མཁས11གིས་ཡུལ་ཁོངས་མི་གཅིག་པ་དང་ངོས་མཐའ་མི་གཅིག་པའི་ཐད་ནས་བོད་ཀྱི་རིག་གནས་ཀྱི་ད་ལྟའི་གནས་བབ་དང་ནང་སྙིང་ལ་དབྱེ་ཞིབ་བྱས་ཐོག བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ལམ་གསར་བ་དག་ངོ་སྤྲོད་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com