ཀྲུང་གོའི་ནང་བསྟན་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི་འབྲིང་རམས་པའི་གོ་མིང་སྤྲོད་པའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-23 11:40:00 ཀློག་གྲངས།:
  ཟླ10པའི་ཚེས20ཉིན། ཀྲུང་གོའི་བོད་ཡིག་སྡེ་ཁག་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་སྐབས་དང་པོའི་འབྲིང་རམས་པའི་ཆོས་རྩོད་དང་གོ་མིང་སྤྲོད་པའི་བྱ་འགུལ་དེ་པེ་ཅིང་གི་ནུབ་ཀྱི་ལྷ་ཁང་སེར་པོ་རུ་བསྡུས་ཤིང་། སློབ་གླིང་དེ་གའི་སློབ་མ62ཉིན་བཞིའི་རིང་གི་ཆོས་རྩོད་ལ་ཞུགས་ནས། རྒྱུག་གཞི་དང་དཔྱད་རྩོམ་གྲོས་ཞིབ་བྱེད་པ་སོགས་ཀྱི་རིམ་པ་བརྒྱུད་དེ་འབྲིང་རམས་པའི་གོ་མིང་ལེན་པ་ཡིན་ལ། དེས་བོད་བརྒྱུད་ནང་བསྟན་གྱི་གོ་མིང་ལེན་པའི་སློབ་གསོའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་འགྱུར་བཞིན་པ་མཚོན་པ་རེད།
  སྐབས་འདིའི་འབྲིང་རིམ་སློབ་གནས་གྲོས་ཞིབ་ཨུ་ཡོན་ལྷན་ཁང་ལ་ཁྱོན་བསྡོམས་ཨུ་ཡོན15ཡིས་གྲུབ་ཅིང་། ཁོང་ཚོ་ནི་མདོ་དབུས་ཁམས་གསུམ་གྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དྲུག་ནས་ཡོང་བའི་བླ་སྤྲུལ་དང་སྐྱེས་ཆེན་དམ་པ། མཐོ་རམས་པའི་གོ་མིང་ཐོབ་མཁན་ཡིན་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ཉིན་བཞིའི་རིང་ལ་ཆོས་རྩོད་བརྒྱབ་རྗེས་ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར་སྐབས་དང་པོའི་འབྲིང་རམས་པའི་གོ་མིང་གནང་བའི་མཛད་སྒོ་བསྡུ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།