རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་གསོ་སྦྱོང་གནས་གཞི་ཟི་ལིང་དུ་བཙུགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-01 10:29:00 ཀློག་གྲངས།:
       ཟླ10བའི་ཚེས31ཉིན། རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་དུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིན་གྱི་འགོ་གཙོ་ལིའུ་ཀྲི་ཆང་དང་སྤྱི་བདེ་སྡེ་ཁག་མི་དོན་སྦྱོང་བརྡར་ཅུའི་འགོ་གཙོ་གཞོན་པ་ཧྥན་ཅིན་ཡུའུ་གཉིས་ཀྱིས་རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་གནས་གཞིའི་སྒོ་བྱང་བཀལ།
       རྒྱུས་ལོན་པ་ལྟར་ན། གནས་གཞི་འདི་ནི་སྤྱི་བདེ་སྡེ་ཁག་དེ་ནུབ་བྱང་ས་ཁུལ་དུ་འཛུགས་སྐྲུན་ཆོག་མཆན་ཐོབ་པའི་ཆེད་ལས་གསོ་སྦྱོང་གནས་གཞི་ཉག་ཅིག་ཡིན་ཞིང་། གཙོ་ཆེར་རྒྱལ་ཡོངས་དང་སྒོས་སུ་བོད་ཁུལ་སྤྱི་བདེ་ལས་ཁུངས་སུ་མཁོ་བའི་བོད་རྒྱ་སྐད་གཉིས་ཆེད་ལས་མི་སྣ་མཁོ་འདོན་བྱ་རྒྱུ་དེ་ཡིན། ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་གསོ་སྦྱོང་དང་། འབྲེལ་ཡོད་བསླབ་གཞི་སྔོག་འདོན། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན། གཞུང་ལུགས་ཞིབ་འཇུག་སོགས་བྱ་བ་སྤེལ་ནས་སྤྱི་བདེ་ལས་ཁུངས་ཀྱི་བོད་རྒྱ་སྐད་གཉིས་འབྲེལ་ཡོད་ཆེད་ལས་ཡོན་གནས་སློབ་གསོ་དང་ཉེན་རྟོག་ལས་འཁུར་གསོ་སྦྱོང་ཐད་གཞོགས་འདེགས་དང་འགན་སྲུང་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།