བོད་རིགས་གླུ་བ་བཀྲ་ཤིས་དོན་གྲུབ་ཀྱིས་ས་འགུལ་རྗེས་ཀྱི་བདེ་ཆེན་རྫོང་སློབ་ཆུང་གཉིས་པར་བྱམས་སེམས་ཕུལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-06 10:00:00 ཀློག་གྲངས།:


གླུ་བ་བཀྲ་ཤིས་དོན་གྲུབ་ཀྱིས་ས་འགུལ་རྗེས་ཀྱི་བདེ་ཆེན་རྫོང་སློབ་ཆུང་གཉིས་པར་བྱམས་སེམས་ཕུལ་བ།

       ད་ལོའི་ཟླ8པའི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད4:44སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྤམ་རྩེ་རགས་གྲོང་རྡལ་དང་། སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཡུལ་ཚོ་དང་གཏེར་མ་རོང་ཡུལ་ཚོ་བཅས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་དང་འབྲེལ་མཚམས་སུ་ཚད་རིམ5.1ཅན་གྱི་ས་འགུལ་བྱུང་ཞིང་། གནོད་ཐེབས་ཆེས་དྲག་པ་ནི་བདེ་ཆེན་རྫོང་སློབ་ཆུང་གཉིས་པ་རེད།


བདེ་ཆེན་རྫོང་སློབ་ཆུང་གཉིས་པའི་སྦྲ་གུར་མལ་ཁང་།

       ཟླ11པའི་ཚེས3ཉིན། བོད་རིགས་གླུ་བ་བཀྲ་ཤིས་དོན་གྲུབ་བདེ་ཆེན་རྫོང་སློབ་ཆུང་གཉིས་པར་སླེབས་ཏེ་སློབ་ཆུང་བྱིས་པ་རྣམས་ལ་ཁོའི་སེམས་འདུན་མཚོན་པའི་ཞལ་འདེབས་དངོས་རྫས་ཕུལ་བ་མ་ཟད་ཁོ་ཚོ་ལ་རོལ་མོའི་སློབ་ཚན་ཞིག་ཀྱང་ཁྲིད།

གླུ་བ་བཀྲ་ཤིས་དོན་གྲུབ་སློབ་ཆུང་བྱིས་པ་ཚོ་དང་མཉམ་དུ།
གླུ་བ་བཀྲ་ཤིས་དོན་གྲུབ་ཀྱིས་སློབ་མ་ཚོར་རོལ་མོ་སློབ་ཁྲིད་བྱེད་པ།


གླུ་བ་བཀྲ་ཤིས་དོན་གྲུབ་དང་སློབ་མ་ཚོས་མཉམ་དུ་སློབ་སྦྱོང་བྱེད་པ།

       ད་ལྟ་ས་འགུལ་གནོད་ཐེབས་ས་ཁུལ་བསྐྱར་འཛུགས་བྱེད་པའི་སྒང་ཡིན་ལ། བདེ་ཆེན་རྫོང་སློབ་ཆུང་གཉིས་པའི་སློིབ་མ་རྣམས་ད་དུང་སྦྲ་གུར་ནང་དུ་སློབ་སྦྱོང་བྱེད་པ་དང་། བཀྲ་ཤིས་དོན་གྲུབ་ཀྱིས་བྱིས་པ་ཆུང་ཆུང་འདི་ཚོ་མྱུར་དུ་མཚར་སྡུག་འབར་བའི་སློབ་ཁང་དུ་དགའ་སྐྱིད་ཀྱིས་སློབ་སྦྱོང་བྱེད་ཐུབ་པར་རེ་སྨོན་བྱས།


བདེ་ཆེན་རྫོང་སློབ་ཆུང་གཉིས་པའི་སྦྲ་གུར་སློབ་ཁང་།


གླུ་བ་བཀྲ་ཤིས་དོན་གྲུབ་སློབ་ཆུང་བྱིས་པ་ཚོ་དང་མཉམ་དུ།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།