ནམ་མཁའ་རྒྱན་གྱི་ཐང་གའི་བྲིས་རྒྱུན་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-13 10:00:00 ཀློག་གྲངས།:

郎卡杰唐卡绘画艺术的保护与传承
ལྷ་རིས་པས་ཐང་ག་འབྲི་བཞེངས་བྱེད་ཀྱིན་པ།

  ཐང་གའི་ལྷ་རིས་པ་ཆེན་མོ་ནམ་མཁའ་རྒྱན་ལགས་ནི་སྤྱི་ལོ1690ལོར་དཀར་མཛེས་བྲག་མགོ་རུ་འཁྲུངས་ཤིང་། ཁོང་གི་ཐང་གའི་བྲིས་རྒྱུན་དེ་མི་རབས་དུ་མར་རྒྱུན་འཛིན་བྱས་པར་བརྒྱུད་ནས་ཡུལ་དེ་གར་དར་ཁྱབ་ཏུ་སོང་འདུག་ལ། 2008ལོར་རིག་གནས་པུའུ་ཡིས་བྲག་མགོ་རྫོང་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་ཏེ་ཐང་གའི་ཕ་ས་ཞེས་པའི་མཚན་སྙན་གནང་བ་རེད།


བྲག་མགོའི་དངོས་མང་བཤམསསྟོན་ཁང་དུ་ཉར་པའི་ནམ་མཁའ་རྒྱན་གྱི་ཐང་ག

  ལོ་རྒྱུས་ཀྱི་དབང་གིས་ནམ་མཁའ་རྒྱན་གྱི་ཐང་གའི་བྲིས་རྒྱུན་དེ་བར་སྐབས་ཤིག་ལ་རྒྱུན་ཆད་ལ་ཉེ་བའི་དཀའ་ཁག་འབྱུང་མོད། 2007ལོར་ཡུལ་དེའི་སྲིད་གཞུང་གིས་བྲག་མགོ་རྫོང་ཐང་གའི་སྒྱུ་རྩལ་མཐུན་ཚོགས་བཙུགས་ནས་ཐང་ག་འབྲི་བཞེངས་ཐད་ཀྱི་འཇོན་མི་སྐྱེད་སྲིང་བྱས་པར་བརྒྱུད། མིག་སྔར་བྲག་མགོ་རྫོང་ནམ་མཁའ་རྒྱན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ལ་དགེ་རྒན7དང་ཐང་ག་འབྲི་མཁན་མི180ཡོད་པ་རེད།
  ཉེ་བའི་ལོ་ནང་ནམ་མཁའ་རྒྱན་གྱི་ཐང་ག་རིམ་གྱིས་བྲིན་ཆེ་བར་གྱུར་པ་དང་བསྟུན་ནས་བོད་ཀྱི་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དེ་ཡང་བསྐྱར་དར་སྤེལ་དང་རྒྱུན་འཛིན་ལེགས་པོ་བྱེད་ཐུབ་པ་རེད།


དགེ་རྒན་པདྨ་ཚེ་རིང་ལགས་ཀྱིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།