ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཁྱིམ་བདག་ཚོགས་ཆེན་དང་རི་མོའི་བཤམས་སྟོན་བྱ་འགུལ་སྤེལ།

རྩོམ་པ་པོ།:རྡོ་རྗེ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-20 09:11:00 ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཁྱིམ་བདག་ཚོགས་ཆེན་དང་རི་མོའི་བཤམས་སྟོན་བྱ་འགུལ་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཁྱིམ་བདག་ཚོགས་ཆེན་དང་རི་མོའི་བཤམས་སྟོན་བྱ་འགུལ་སྤེལ།

       ཟླ11པའི་ཚེས17ཉིན་གྱི་ཉིན་གུང་དུས་ཚོད12ནས་འགོ་བཟུང་སྟེ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལོ་འདིའི་ཁྱིམ་བདག་ཚོགས་ཆེན་དང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་བསྐྲུན་པའི་སློབ་རའི་སྐབས་ལྔ་བའི་དགེ་སློབ་ཀྱི་རི་མོའི་བརྩམས་ཆོས། འབྲེལ་ཡོད་སློབ་གསོའི་འགྲེམ་བྱང་གི་བཤམས་སྟོན་གྱི་བྱ་འགུལ་དེ་དུས་ལྟར་གཟབ་རྒྱས་ངང་འགོ་བརྩམས།

       ཐེངས་འདིའི་ཁྱིམ་བདག་ཚོགས་འདུར་སློབ་གྲྭས་སྔར་ལས་ལྷག་པར་གཙིགས་འཛིན་བྱས་ཤིང་། སློབ་གྲྭའི་གཞུང་སྒྲུབ་ཁང་ནས་སློབ་གྲྭའི་ལོ་ངོ་བཞི་ཡི་འཕེལ་འགྱུར་ངོ་སྤྲོད་ཀྱི་བརྙན་གཟུགས་དང་། སློབ་ཁྲིད་དོ་དམ་ཁང་ནས་སློབ་གསོའི་ཐད་ཀྱི་གནས་ཚུལ་དང་རེ་བ། ཞབས་ཞུ་སྡེ་ཁག་ནས་བྱ་བའི་གནས་ཚུལ་དང་རེ་བ་བཅས་དངོས་བསྟུན་སྒོས་བརྙན་གཟུགས་སོགས་གྱ་ནོམ་པར་གྲ་སྒྲིག་བྱས་པ་དང་། འཛིན་གྲྭ་སོ་སོའི་ཐད་དུ་སྔ་མོ་ནས་དམིགས་ཚད་གསལ་འདོན། བཀོད་སྒྲིག་འཐུས་ཚང་བཅས་བྱས་ཏེ། ཉིན་རེ་འགར་ཚོགས་འདུའི་བརྒྱུད་རིམ་དང་ནང་དོན་སོགས་གྲ་སྒྲིག་བྱེད་དུ་བཅུག་པ་དང་། དེ་ནས་སློབ་གྲྭའི་གཞུང་སྒྲུབ་ཁང་གིས་ཞིབ་བཤེར་བྱས་ཤིང་། ལོ་འདིའི་ཚོགས་འདུ་བདེ་བླག་ཡོང་བར་ཁེག་ཐེག་བྱས། 
       ཉིན་འདིའི་སྔ་དྲོ། ཁྱིམ་བདག་དག་སྔ་མོ་ནས་སློབ་གྲྭའི་སྒོ་ཁར་འབྱོར་ཞིང་། སྔ་དྲོའི་སློབ་ཐུན་གྲོལ་བ་དང་མཉམ་དུ་སློབ་གྲྭར་འཛུལ་ཏེ། རི་མོ་དང་འགྲེམ་བྱང་བཤམས་སྟོན་ལ་ལྟ་ཞིབ་དང་རོལ་མྱོང་བྱས་པ་དང་། རིམ་པར་རང་རང་གི་བུ་བུ་མོ་དང་ཐུག་འཕྲད་བྱས། ཕྱི་དྲོའི་སློབ་ཐུན་འཚོགས་པ་དང་བསྟུན་ནས། ཁྱིམ་བདག་སོ་སོ་རང་གི་བྱིས་པ་དང་བཅས་ཏེ་རང་རང་གི་འཛིན་གྲྭའི་ཚོགས་འདུར་ཞུགས།

       ཐེངས་འདིའི་ཚོགས་འདུའི་ཁྱིམ་བདག་གི་ཞུགས་ཚད་ལོ་སྔོན་མར་བསྡུར་ལ་ལེགས་པ་དང་། འཛིན་གྲྭ་མང་ཆེ་ཤོས་སྔར་གྱིས་འཆར་འགོད་ལྟར་དུ། ཐོག་མར་སློབ་བུ་ནས་མདོ་འཛིན་བྱས་ཤིང་། རིམ་པར་འཛིན་གྲྭ་མཚམས་སྦྱོར། ཉེ་ཆར་སྦྱངས་འབྲས་དབྱེ་ཞིང། ལས་བྱ་འགྲེམ་སྟོན། སློབ་མའི་འཐུས་མིའི་གཏམ་བཤད། ཁྲིད་སྟོན་འཐུས་མིའི་རེ་བརྗོད། བརྙན་གཟིགས་ལ་ལྟ་བ། འཛིན་བདག་གི་གཏམ་བཤད།  ཁྱིམ་བདག་འཐུས་མིའི་གཏམ་བཤད། ཁྱིམ་བདག་དང་བགྲོ་གླེང་། བསམ་འཆར་སྡུད་ལེན་ཡི་གེ་འབྲི་བ། ཉེན་སྲུང་གན་རྒྱའི་ཐོ་འགོད་བཅས་ཚགས་དམ་པོར་བཀོད་སྒྲིག་བྱས་ཡོད་པས། སྔར་ལས་ལྷག་པར་གོ་རིམ་ལྡན་ཞིང་འཐུས་ཚང་དུ་མངོན་ཡོད་པ་རེད།
       ཚོགས་འདུའི་སྟེང་དུ་འཛིན་བདག་དག་གིས་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ།  སྤྱི་ཚོགས་སློབ་གསོ་མཉམ་འབྲེལ་དགོས་པ་དང་། ཁྱིམ་བདག་གིས་སློབ་བུའི་བསམ་སྤྱོད་ཐད་ཀྱི་ཤན་ཤུགས་ཐེབས་ཚད་དང་དེ་སྐོར་གྱི་བསམ་ཚུལ་དག་བརྗོད་པ་དང་། རྗེས་ཕྱོགས་ནས་སྔར་ལས་ལྷག་པར་མཉམ་འབྲེལ་ལེགས་སྡེབ་བྱེད་དགོས་ཚུལ་སོགས་ཀྱི་རེ་བ་བརྗོད་ཅིང་། ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་ལེགས་སྒྱུར། བྱིས་པའི་སྣེ་སྟོན་ནུས་པ་མཐོར་འདེགས། སློབ་གྲྭར་མཉམ་འབྲེལ་བྱེད་ཚད་ཇེ་ལེགས་སོགས་ལ་སྐུལ་འདེད་བྱས།  ཚོགས་འདུའི་མགོ་མཇུག་བར་གསུམ་ལ་སློབ་གྲྭའི་སློབ་ཨུ་མི་སྣས་སྐོར་ཞིབ་བྱས་ཤིང་ལྟ་སྐུལ་ལེགས་པོ་བྱས་ཏེ། ཕྱི་དྲོའི་དུས་ཚོད5ཡི་སྟེང་འཆར་འགོད་ལྟར་བདེ་བླག་གིས་མཇུག་སྒྲིལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།