བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཚོང་རར་བཀྲམ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-22 10:57:00 ཀློག་གྲངས།:

བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་ཐོག་མར་ཚོང་རར་བཀྲམས་པ།

       ཉེ་ལམ། བློ་བཟང་ཚན་རྩལ་ཀུང་སིས་ལོ་ངོ་བཞི་རིང་ལ་གསར་སྤེལ་བྱས་པའི་དཔེ་ཚོགས་དང་ཀློག་སྨྱུག་གཞི་གཅིག་ཏུ་སྦྲེལ་བའི་བློ་བཟང་བོད་ཡིག་ཀློག་སྨྱུག་ཚོང་རར་བཀྲམ།
       ཀློག་སྨྱུག་དེ་ནི་ལོ་ན3ནས7བར་གྱི་བྱིས་པར་དམིགས་ཏེ་ཇུས་འགོད་བྱས་པའི་བོད་ཡིག་ཀློག་སྨྱུག་ཐོག་མ་ཡིན་ལ། དེར་བོད་རྒྱ་དབྱིན་གསུམ་གྱི་སྐད་དང་། གྲངས་རིག  བྱིས་གླུ། བྱིས་སྒྲུང་སྣ་ཚོགས་ལ་སོགས་ཀྱི་དེབ10ཚུད་ཡོད།
       བློ་བཟང་ཚན་རྩལ་ཀུང་སིའི་འགན་འཁུར་བ་བློ་བཟང་གིས་བཤད་རྒྱུར། ཀློག་སྨྱུག་འདིས་ས་ཁུལ་སོ་སོའི་བོད་སྐད་ཀྱི་གདངས་མི་འདྲ་བར་གཞིགས་ནས་ལྷ་སའི་སྐད་དང་ཨ་མདོའི་སྐད། ཁམས་སྐད་བཅས་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཐོན་པར་བྱས་ཡོད། སྤྱོད་མཁན་གྱི་བསམ་འཆར་ལྟར་ན། ཀློག་སྨྱུག་འདི་ནི་བྱིས་པ་རྣམས་ཀྱིས་བོད་རྒྱ་དབྱིན་གསུམ་ལ་སློབ་སྦྱོང་བྱེད་པའི་སྟབས་བདེའི་སློབ་གསོ་ཡོ་ཆས་གལ་ཆེན་ཞིག་ཡིན་པ་དང་། དེ་མིན་བོད་སྐད་སློབ་པར་རང་སྦྱོང་བྱེད་མཁན་གྱི་མི་དར་མ་དང་། ཡིག་རྨོངས་སེལ་བའི་འཛིན་གྲྭའི་སློབ་མ་སོགས་ལ་ཡང་ཧ་ཅང་འཚམ་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།