ཞང་སྡེའི་དགེ་རྒན་གྱི་ཡོང་སྒོ་མཁར་གྲོང་དགེ་རྒན་གྱི་ཡོང་སྒོ་ལས་བརྒལ་རྒྱུ་རེད།

རྩོམ་པ་པོ།:རིན་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། དུས་ཚོད།:2013-11-22 15:41:00 ཀློག་གྲངས།:

  ཟླ11པའི་ཚེས19ཉིན། སློབ་གསོ་པུའུ་ཡིས་སྒྲོག་སྤེལ་བྱས་པ་ལྟར་ན། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཟླ་དགུ་བའི་ནང་བརྡ་སྦྱོར་བཏང་ནས། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་འོས་འགན་སློབ་གསོའི་ཞང་སྡེའི་སློབ་གྲྭ་དང་སློབ་ཁྲིད་བྱེད་སར་བྱ་བ་ལས་བཞིན་པའི་དགེ་རྒན་ལ་འཚོ་བའི་ཁ་གསབ་བྱེད་རྒྱུའི་ཐག་བཅད། འཚོ་བའི་ཁ་གསབ་ནི་ཞང་སྡེའི་དགེ་རྒན་གྱི་བྱ་བའི་ལས་གནས་ལ་དམིགས་པའི་ཁ་གསབ་ཞིག་ཡིན་པ་དང་། རྒན་གསོ་དང་སྨན་བཅོས། ལས་ཤོར། བུ་སྐྱེས། ལས་རྨས་བཅས་ཀྱི་ཉེན་སྲུང་དང་སྤྱི་གསོག་མ་དངུལ་དང་། ལས་འཁྱུར་ངལ་གསོའི་དངུལ་གྱི་གཞི་གྲངས་ཁྲོད་མི་བརྩིས་བར་དགེ་རྒན་ལས་གནས་ཐོག་ཡོད་དུས་ལོངས་སྤྱོད་བྱེད་པ་ལས།  ལས་བྲལ་བྱས་རྗེས་མེད་པ་ཞིག་ཡིན་པ་རེད།    
  སློབ་གསོ་པུའུ་དགེ་རྒན་བྱ་བའི་ཟི་ཡི་ཟི་ཀྲང་ཞུས་ཐའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཞང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་སྐྱོར་ཐད་མཁོ་བའི་མ་དངུལ་ས་གནས་ནོར་སྲིད་ཀྱིས་འགན་ལེན་བྱེད་པ་དང་། ཀྲུང་དབྱང་གིས་ཕྱོགས་བསྡུས་ཀྱི་བྱ་དགའི་ཁ་གསབ་མ་དངུལ་སྟེར་རྒྱུ་རེད། ཞང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་ལག་བསྟར་གྱི་འགན་ཁུར་མཁན་གཙོ་བོ་ཡིན་པའི་ས་གནས་ཀྱིས། རང་ཚུགས་ཀྱིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཞང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པ་དང་། བྱེ་བྲག་གི་ལག་བསྟར་དུས་ཚོད་དང་ཁ་གསབ་ཁྱབ་ཁོངས། ཁ་གསབ་བྱེད་ཡུལ། ཁ་གསབ་ཚད་གཞི་དང་མ་དངུལ་གྱི་ཡོང་ཁུངས་སོགས་ཚང་མ་ས་གནས་སོ་སོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གཏན་ཁེལ་བྱེད་དགོས། གོ་རིམ་རྗེས་མར་སློབ་གསོ་པུའུ་ཡིས་ཆེད་དུ་བརྡ་སྦྱོར་སྤེལ་ནས། བྱ་བ་འདིའི་རྩ་འཛུགས་ལག་བསྟར་དང་བྱ་དགའི་ཁ་གསབ་མ་དངུལ་གྱི་བཀོལ་སྤྱོད་དང་དོ་དམ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་རེ་བ་ཞིབ་མོ་འདོན་རྒྱུ་རེད།
  རེ་བ་ལྟར་ན། སང་ལོ་ནས་བཟུང་། ལག་བསྟར་བྱེད་པའི་ཞིང་ཆེན་སོ་སོས་ལོ་རེའི་ཟླ3པའི་ཚེས31ཉིན་གྱི་སྔོན་དུ། རང་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཞང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་ཀྱི་ལག་བསྟར་གནས་ཚུལ་དང་ཕྱོགས་བསྡུས་ཀྱི་བྱ་དགའི་ཁ་གསབ་མ་དངུལ་གྱི་བཀོད་སྒྲིག་དང་བཀོལ་སྤྱོད་གནས་ཚུལ་བཅས་མཉམ་དུ་ནོར་སྲིད་པུའུ་དང་སློབ་གསོ་པུའུ་ལ་སྙན་ཞུ་བྱེད་དགོས་པ་དང་། ལས་ཁུངས་གཉིས་ཀྱིས་ས་གནས་སོ་སོའི་ལག་བསྟར་གནས་ཚུལ་སོགས་རྒྱུ་རྐྱེན་ལ་དམིགས་ནས་ལོ་རེ་བཞིན་ཕྱོགས་བསྡུས་ཀྱི་བྱ་དགའི་ཁ་གསབ་ཀྱི་སྤྱིའི་མ་དངུལ་ལ་ཞིབ་བཤེར་གཏན་འབེབས་བྱེད་རྒྱུ་རེད།
  ཞུས་ཐའོ་ཡིས་སྲིད་ཇུས་འདི་རིམ་བཞིན་རྒྱ་ཆེར་ལག་བསྟར་བྱས་པ་དང་བསྟུན་ནས། ཞང་དང་སྡེ་བའི་དགེ་རྒན་དང་ལྷག་པར་དུ་ཧ་ཅང་དབུལ་ཕོངས་ཡིན་པའི་ཞང་སྡེའི་དགེ་རྒན་གྱི་ཆ་སྙོམས་ཀྱི་ཡོང་སྒོ་ཆུ་ཚད་དེ་མཁར་གྲོང་དགེ་རྒན་གྱི་ཡོང་སྒོ་ལས་བརྒལ་བ་དང་། ཞིང་སྡེའི་དགེ་རྒན་གྱི་ལས་རིགས་འགུག་ཤུགས་དེ་སྔར་ལས་ཇེ་ཆེར་འགྲོ་རྒྱུ་རེད་ཟེར།   
  ཤེས་གསལ་ལྟར་ན། རྒྱལ་ཡོངས་ཞང་སྡེའི་དགེ་རྒན་ལ་ཁ་གསབ་སྟེར་བའི་བྱ་བར་འཚོལ་ཞིབ་བྱེད་བཞིན་པའི་རྫོང699ཡོད་པ་དང་། ཕན་ཁེ་ཐོབ་པའི་དགེ་རྒན་ས་ཡ་གཅིག་དང་འབུམ་གཉིས་ལ་བསླེབ་ཐུབ།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།