《གངས་རྒྱན་ན་ཆུང་ཚགས་པར》ལ་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཐོབ་བཞིན་པ།
སློབ་མ་རྣམས་ཀྱིས་ཚགས་པར་ཀློག་བཞིན་པ།
གངས་རྒྱན་ན་ཆུང་ཚགས་པར་ཁང་གིས་གཙོ་སྒྲུབ་གནང་བའི་སློབ་ཆུང་དམའ་རིམ་པར་ངོས་ཀྱི་གསར་སྤེལ་ཚགས་པར་སྤྱིའི་སྤེལ་ཐེངས12པ་འདི་ད་ལོའི་ཟླ11པའི་ཚེས22ཉིན་དངོས་སུ་མཚོ་སྔོན་རྨ་ལྷོའི་གཅན་ཚ་སློབ་ཆུང་གཉིས་པའི་དམའ་རིམ་སློབ་མ་ཚོའི་ལག་ཏུ་འབྱོར།
ཚགས་པར་འདིའི་པར་ངོས་ཚང་མ་སློབ་ཆུང་ལོ་རིམ་དམའ་མོའི་སློབ་མའི་བློ་ཁ་དང་ཆེས་མཐུན་ཞིང་། སློབ་མ་ཚོའི་བློ་ཁ་ཅིག་ཅར་དུ་འཕྲོག་ཐུབ་པར་མ་ཟད། སློབ་མའི་བསླབ་ཕྱིའི་བློ་སྒོ་འབྱེད་པའི་བློས་ཐུབ་ཀྱི་གྲོགས་པོར་འགྱུར་བར་ཡིད་ཆེས་ཟབ་མོ་བཅངས་ཆོག དེ་བས་གངས་རྒྱན་ན་ཆུང་ཚགས་པར་ཁང་གི་གཙོ་སྒྲིག་པ་གཙོ་གཞོན་རྣམ་པས་ཀྱང་ཐུགས་ཁུར་བླ་ལྷག་གནང་ནས་བོད་རིགས་ས་ཁུལ་གྱི་སློབ་ཆུང་སློབ་མའི་བློ་ཁ་དང་འཚམས་པའི་ཚགས་པར་འདིའི་ཁྱབ་རྒྱ་ཇེ་ཆེ་རུ་བཏང་སྟེ། བོད་རིགས་ས་ཁུལ་གྱི་སློབ་ཆུང་སློབ་མའི་བསླབ་ཕྱི་ལྟ་ཀློག་གི་སློབ་དེབ་ཀྱི་ཚབ་ཏུ་འགྱུར་བར་ཀླད་ཤུགས་དང་ནུས་ཤུགས་བཀོལ་རྒྱུ་མཁྱེན་མཁྱེན། དེ་མིན་ཚགས་པར་གྱི་པར་ངོས་རྩོམ་སྒྲིག་པ་རྣམ་པས་ཀྱང་དཀའ་སྡུག་གི་རྔུལ་ཆུ་གྲངས་མེད་གཏོར་ནས་གསར་སྤེལ་ཚགས་པར་འདིའི་པར་ངོས་རྩོམ་སྒྲིག་གི་རྒྱུ་སྤུས་སྔར་ལས་ཚགས་ཇེ་དམ་དང་ནང་དོན་སྣ་མང་ལྡན་པའི་སྒོ་ནས། སློབ་ཆུང་དམའ་རིམ་སློབ་མའི་ཤེས་བྱའི་ནུས་པ་མཐོར་འདེགས་སུ་གཏོང་བར་གང་ནུས་ཀྱིས་ནུས་ཤུགས་དང་ཀླད་ཤུགས་ཀྱི་འབྲས་བུ་འདོན་རྒྱུ་མཁྱེན་མཁྱེན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com