ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་སློབ་ཆེན་གྱི་དཔྱད་གཞི་ལ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་སྐྱོར་ཐོབ་པ།
བོད་ལྗོངས་སློབ་ཆེན་གྱི་དཔྱད་གཞི་ལ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་སྐྱོར་ཐོབ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-27 11:07:00
ཀློག་གྲངས།:
ཟླ11པའི་ཚེས26ཉིན། བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི《བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལེགས་སྒྲིག་དང་། རྒྱུན་འཛིན་གྱི་ཞིབ་འཇུག གྲངས་འཛིན་ཅན་གྱི་སྲུང་སྐྱོབ》ཅེས་པའི་དཔྱད་གཞི་ལ2013ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་འགུགས་ལས་གཞི་གལ་ཆེན(སྐོར་ཐེངས་གཉིས་པ)གྱི་རོགས་སྐྱོར་ཐོབ། དེ་ནི་བོད་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་ཡོངས་སུ་ཐེངས་དང་པོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་འགུགས་ལས་གཞི་གལ་ཆེན་ཐོབ་པ་རེད།
《བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལེགས་སྒྲིག་དང་། རྒྱུན་འཛིན་གྱི་ཞིབ་འཇུག གྲངས་འཛིན་ཅན་གྱི་སྲུང་སྐྱོབ》ནི་བོད་ལྗོངས་སློབ་ཆེན་གྱིས་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁང་གཉིས་ལ་མཉམ་འབྲེལ་བྱས་ནས། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ངག་དབང་འཇིགས་མེད་ལགས་དབུ་འཛིན་ཆེད་མཁས་སུ་བྱས་ནས་རེ་ཞུ་བྱས་ཤིང་། ཉེ་སྔོན་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་སྐྱོར་མ་དངུལ་སྒོར་ཁྲི80ཐོབ་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།