གནའ་རྫས་རྟོག་དཔྱོད་པས་སྟོན་པ་ཤཱཀྱ་མུ་ནེ་ནི་སྤྱི་ལོ་སྔོན་གྱི་དུས་རབས6པར་འཚོ་གཞེས་གནང་བར་བཞེད་པ།
གནའ་རྫས་རྟོག་དཔྱོད་པས་གནའ་ཤུལ་དུ་བརྟག་དཔྱད་བྱེད་བཞིན་པ།
དབྱིན་ཇིའི་ཏུའུ་ཁུ་སློབ་ཆེན་གྱི་གནའ་རྫས་རྟོག་དཔྱོད་པ་རའོ་པིན་ཁཱང་ཉིན་ཧན་ལགས་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་གནའ་ཤུལ་རྙེད་པ།
ཟླ11པའི་ཚེས26ཉིན། ཨ་རིའི་གནའ་རྫས་རྟོག་དཔྱོད་པས་སྟོན་པ་ཤཱཀྱ་མུ་ནེའི་འཁྲུངས་ཡུལ་ཏེ་བལ་བོའི་ལུམ་བི་ནི(Lumbini)རུ་སྟོན་པའི་ཡུམ་ཆེན་མཱ་ཡཱ་དེ་བཱི(Maya Devi Temple)ཡི་ལྷ་ཁང་གི་ཤིང་བཟོས་གནའ་ཤུལ་ཞིག་རྙེད་པས། སྟོན་པ་བཅོམ་ལྡན་འདས་འཚོ་གཞེས་གནང་བའི་དུས་དེ་སྤྱི་ལོ་སྔོན་གྱི་དུས་རབས6པའི་བར་དུ་འདེད་ཐུབ་པ་བྱུང་།
གསར་འགྱུར་ལས་བཀོད་པ་ལྟར་ན་ས་འོག་ཏུ་བྱུང་བའི་ཤིང་གི་བཟོ་བཀོད་དེ་ས་སྟེང་དུ་སོ་ཕག་གིས་བཞེངས་པའི་རྒྱལ་བུ་ཨ་ཤོ་ཀའི་ལྷ་ཁང་དང་དབྱིབས་མཚུངས་ཤིང་། ཤིང་བཟོས་བཟོ་བཀོད་ཁྲོད་བཟོ་བཀོད་ཀྱི་འདེགས་སྐྱོར་མེད་པའི་བར་སྟོང་ཞིག་ཡོད་ལ། བལྟས་ཚོད་ཀྱིས་ལྗོན་ཤིང་ཞིག་ཕྱི་རུ་སྐྱེས་བཞིན་པའི་དབྱིབས་དང་མཚུངས་ལ། དེ་ནི་སྟོན་པ་བཅོམ་ལྡན་འདས་འཁྲུངས་སའི་ཤིང་ཨ་ཤོ་ཀ་ཡིན་སྲིད་པ་རེད།
སྟོན་པ་བཅོམ་ལྡན་འདས་འཁྲུངས་སའི་གནའ་ཤུལ།
གནའ་རྫས་རྟོག་དཔྱོད་པ་རའོ་པིན་ཁཱང་ཉིན་ཧན(Robin Coningham)ལགས་ཀྱིས་བཤད་རྒྱུར། དུས་རིང་བོ་ཞིག་ལ་སྟོན་པ་ཤཱཀྱ་མུ་ནེའི་འཁྲུངས་ལོ་དང་སངས་རྒྱས་ཆོས་ལུགས་ཀྱི་རྩ་བ་ཚུགས་པའི་དུས་ཀྱི་ཐད་བཞེད་པ་མི་མཐུན་པ་མང་པོ་ཞིག་མཆིས་ལ། གནའ་ཤུལ་དེ་རྙེད་པ་ལས་དོན་དངོས་བདེན་དཔང་བྱེད་སྲིད་ཅེས་བརྗོད་པ་རེད།
སངས་རྒྱས་ཆོས་ལུགས་ཀྱི་ཆེད་མཁས་མང་པོའི་བཞེད་དགོངས་ལྟར་ན་སྟོན་པ་བཅོམ་ལྡན་འདས་ནི་སྤྱི་ལོ་སྔོན་གྱི་དུས་རབས4པའི་སྐབས་འཚོ་གཞེས་གནང་ཞིང་། དུས་དེར་སངས་རྒྱས་ཆོས་ལུགས་དར་སྤེལ་དུ་བཏང་ནས། དགུང་ལོ80སྟེང་སྐུ་མྱ་ངན་ལས་འདས་པ་རེད། གནའ་ཤུལ་རྙིང་བ་དེ་ལས་བརྟག་དཔྱད་བྱས་པ་ལྟར་ན་སྟོན་པ་བཅོམ་ལྡན་འདས་ནི་སྤྱི་ལོ་སྔོན་གྱི་དུས་རབས6པར་འཚོ་གཞེས་གནང་ཡོད་པར་གཏན་ཁེལ་བྱས་པས། སྔོན་མའི་དུས་ལས་ལོ200ཡིས་ཇེ་སྔ་རུ་སོང་ཡོད་པ་རེད།
སྟོན་པ་བཅོམ་ལྡན་གྱི་འཁྲུངས་གནས་ཏེ་བལ་བོའི་ལུམ་བི་ནི།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com