ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་རྩོད་གླེང་བྱ་འགུལ་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་རྩོད་གླེང་བྱ་འགུལ་སྤེལ།
ཟླ་11པའི་ཚེས་26་ཉིན་གྱི་ཕྱི་དྲོར་སློབ་ཁྲིད་དོ་དམ་ཁང་དང་ངེད་བོད་ཡིག་དགེ་རྒན་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་སྤེལ་བའི་བསྡུས་གྲྭའི་རིགས་ལམ་ཆུང་བའི་རྩོད་གླེང་བྱ་འགུལ་འཚོགས་སྐབས།ནམ་ཟླ་བླ་ལྷག་གིས་སྐད་ཅིག་སྐད་ཅིག་ལ་ཇེ་འཁྱག་ཏུ་སོང་ན་ཡང་། ཚོགས་ཞུགས་དགེ་སློབ་ཡོངས་ཀྱི་སེམས་པ་དྲོད་ཀྱིས་ཁེངས་ནས་ཡོད།རྒྱུ་མཚན་ནི།བརྩོན་འགྲུས་གླིང་གི་དགེ་སློབ་སྟོང་ཕྲག་གཅིག་ལྷག་གི་མདུན་ས་འདི་ནས། ལོ་རིམ་བརྒྱད་པའི་སློབ་གྲོགས་ཚོས། རང་གི་མཆིན་སྙིང་བྲང་གསུམ་བསྡུས་གྲྭའི་ཁ་དོག་ལ་གླན་ནས།ཆེས་ཐོག་མའི་ལྟེ་ཁྲག་འཕོ་སའི་ཕ་ས་ཕ་ཡུལ་དང་། ཚེ་སྲོག་སྦྱིན་མཁན་གྱི་ཕ་མ། མི་ཚེ་ལ་ཤེས་རིག་གི་འདབ་ལག་རྒྱས་སའི་སློབ་གྲྭ། མི་ཚེ་འདུན་མ་སྟོན་པའི་དགེ་རྒན།ད་དུང་བོད་རང་གི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་རྩོད་རིགས་གསར་བཏོད་དང་འཕེལ་རྒྱས།རྒྱུན་འཛིན་གཏོང་བར་བཀའ་དྲིན་བསམ་ཀྱིས་མི་ཁྱབ་པའི་མེས་པོ་དམ་པ་གོང་མ་དག་གི་མཛད་འཕྲིན་ལ་སོགས་པ་སེམས་ཀྱིས་ཚོར་ཞིང་སྙིང་ལ་དྲན་དུ་བཅུག་སོང་། རིག་ཡག་བུ་ལོ་ཚོའི་གཟེངས་མཐོ་བའི་སེམས་ཀྱི་རེ་བ་དང་ཡིད་ཆེས། སྤོབས་པ་བཅས་མཐོང་དུ་བཅུག་སོང་།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་རྩོད་གླེང་བྱ་འགུལ་སྤེལ།
སྤྱིར་ན་བསྡུས་གྲྭའི་རིགས་ལམ་སྦྱངས་ན། རྡོ་གཅལ་སྐམ་པོའི་སྟེང་གི་རིགས་པ་རློན་པ་ཞེས་པ་བཞིན་བསྡུས་གྲྭའི་རང་ལུགས་ཙམ་རང་བློ་ནས་སྐྱོར་ཤེས་པ་ཙམ་གྱིས་མི་ཆོག་པར། དེ་ལ་རིགས་པའི་གསང་ཚིག་གང་ཡིན་རང་བློར་འཆུན་དགོས་པ་གཞིར་བཅས།ཐལ་སྐད་གཏོང་བའི་ངག་གི་སྙན་ཆ་དང་། སྨྲ་བརྗོད་ཀྱི་དག་གསལ་མྱུར་གསུམ།ལག་གཉིས་ཀྱི་ཕྱག་རྒྱ། རྐང་པའི་འདེགས་འཇོག ཡིད་ཀྱི་བརྩེ་བ་བཅས་འཛོམས་དགོས་པ་ཞིག་ཡིན་པ་བཞིན། རྩོད་ཞུགས་སློབ་གྲོགས་མང་ཤོས་ལ་ཆ་རྐྱེན་འདི་དག་ཚང་བ་མ་ཟད། སྤོབས་པ་ཆེན་མོས་རིགས་ལམ་རྩོད་པའི་དོ་ར་འདིར་བུད་ནས་རང་སེམས་ཀྱི་རྨོངས་པ་སེལ་བའི་རིགས་པའི་བུ་ཆུང་དཀར་བོ་ལ་དྲིན་གཟོའི་མཆོད་པ་ཐེངས་གཅིག་བཤམས་ཤིང་། མ་རིག་མུན་པ་འཇོམས་པའི་རྟེན་འབྲེལ་ཀྱི་མར་མེ་རྐོང་གཅིག་སྒྲོན་པ་འདིར་ང་ཚོ་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་རེད།མིག་དཔེར་ལྟོས་འོས་པ་ཞིག་རེད།ཡི་རང་བྱེད་འོས་པ་ཞིག་རེད། བཀུར་བསྟི་བྱེད་འོས་པ་ཞིག་རེད།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་རྩོད་གླེང་བྱ་འགུལ་སྤེལ།
རེབ་འདིའི་འབྲས་རྟགས་ཞུ་འབུལ་གྱི་དཔྱད་སྐར་ཚོགས་མི་དགེ་རྒན་ལྷན་རྒྱས་ཀྱི་ཚད་འཇལ་དཔྱད་འབྲས་སྣང་ཚུལ་ལས།ཐུན་མོང་བྱ་དགའ་གསུམ་དང་།མི་སྒེར་གྱི་བྱ་དགའ་གསུམ།རིགས་ལུང་བ་ཕུལ་བྱུང་ཅན་དགུ། རྟིང་སྐུལ་གསུམ་བཅས་ཀྱི་ཚད་བཞག་མངོན། བྱ་འགུལ་འདི་སྤེལ་བ་བརྒྱུད་ནས་དགེ་སློབ་ཡོངས་ལ་སྤོབས་པ་དང་ཡིད་ཆེས། སྙིང་སྟོབས། སློབ་སྦྱོང་གི་འདུ་ཤེས་བཅས་ཅུང་ཟབ་མོ་རྒྱུད་ལ་ཐེབས་སུ་བཅུག་པ་འདིས། མི་རིགས་རང་གི་རིག་གཞུང་རྒྱ་མཚོ་ལས་མཁོ་དགུའི་ནོར་བུ་ལོངས་ཤིག་ཅེས་པའི་སྐུལ་མ་ཡང་ཡིན་ན། དགེ་སློབ་རྣམས་སྙིང་སྟོབས་ཀྱི་དཔའ་མ་ཞུམ་པར་བརྩོན་འགྲུས་ཀྱི་གཟིངས་ཆེན་པོར་མྱུར་དུ་འདོང་མཛོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com