མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-04 10:28:00 ཀློག་གྲངས།:

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

      རྩོམ་ཡིག་ལས་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་རྟོགས་ནུས་ཤིང་། དེ་ནི་ཤེས་བྱའི་ནམ་འཕང་བསྟོད་པའི་སྒོ་གླེགས་ཤིག་ཏུ་ངེས། དེ་ཡང་སློབ་མའི་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་མའི་རྩོམ་འབྲིའི་སྤྲོ་སེམས་དང་ནུས་པ་མཐོར་འདེགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་རྒྱའི་སྐད་ཡིག་སློབ་ཞིབ་རྩ་འཛུགས་པས་ཟླ10བའི་ཚེས29ཉིན་གྱི་ཕྱི་དྲོར་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་འགུལ་དང་སྦྱར་ནས་ང་རང་ནར་སོན་ཞིང་ང་རང་སྤྲོ་སྐྱིད་ལྡན་ཞེས་པའི་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
      བྱ་འགུལ་འདིར་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ60ཞུགས་ཡོད་པ་དང་། ཉིན་གསུམ་གྱི་དཔྱད་འདེམ་བརྒྱུད། སྡོམ་པས་འཛིན་གྲྭ10ལས་ཕུལ་བྱུང་རྩོམ་ཡིག14བདམས་ཐོན་བྱུང་ཞིང་། དེ་ལས་སློབ་མ་རིན་ཆེན་ནོར་རི་དང་ཡེ་ཤེས་རྡོ་རྗེ་གཉིས་ཀྱིས་ཐེངས་འདིའི་འགྲན་བསྡུར་ཁྲོད་སྐར་འབྲས་ཆེས་མཐོན་པོ་བླངས་པ་དང་། མཐོ་གཉིས་འཛིན་དགུ་དང་མཐོ་གཉིས་འཛིན་བདུན་གཉིས་ཀྱིས་ཐུན་མོང་གི་སྤྱིའི་སྐར་འབྲས་ཨང་དང་པོ་བླངས།
      ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་སྤེལ་བར་བརྒྱུད། རྒྱ་ཆེ་བའི་སློབ་མ་རྣམས་ཀྱི་རྩོམ་འབྲིའི་སྤྲོ་སེམས་བསྐྱེད་ཅིང་རང་ཉིད་ཀྱི་འཚོ་བའི་མྱོང་ཚོར་དང་ནར་སོན་གྱི་གོ་རིམ་དང་། ཉེ་འཁོར་གྱི་ཡིད་འགུག་ཐེབས་པའི་དོན་དག་སོགས་བརྗོད་དེ་སོ་སོའི་རྩོམ་འབྲིའི་སྤྲོ་སེམས་སྐྱེད་སྲིང་སྒོས་སློབ་མའི་འཚོ་བའི་ལྟ་ཞིབ་ནུས་པ་དང་རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་དགེ་མཚན་རབ་ཏུ་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།