གཅིག་སྒྲིལ་རྫོང་སློབ་གསོ་ཅུས་དགུན་གནང་གི་སྐབས་སློབ་སྔོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་པ་པོ།:བན་དེ་སྐྱབས། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2013-12-06 10:58:00 ཀློག་གྲངས།:
      སྤྱི་ཟླ12པའི་ཚེས3ཉིན་ནས་ཚེས12བར་དུ། ཞིང་ཆེན་མཁར་དབུས་སློབ་གསོ་ཅུའུ་ཡིས་བྱིས་གཉོར་ཁང་གི་ཆེད་ལས་དགེ་རྒན་གཉིས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དུ་མངགས་པས། རྫོང་སློབ་གསོ་ཅུའུ་ཡིས་ཐོན་ཁུངས་ལེགས་པོ་དེ་བེད་སྤྱད་ནས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པར་རྩ་འཛུགས་བྱས་ལ། ཞང་ལྔ་དང་གྲོང་རྡལ་གཅིག་ནས་ཐོན་པའི་བྱིས་གཉོར་ཁང་གི་དགེ་རྒན20ལྷག་ཐེངས་འདིའི་གསོ་སྦྱོང་བྱ་འགུལ་ལ་ཞུགས།
      ཐེངས་འདིའི་གསོ་སྦྱོང་གིས་གཞུང་ལུགས་ལ་སློབ་སྦྱོང་དང་ལག་ལེན་བྱེད་ཕྱོགས་གཉིས་ཟུང་དུ་སྦྲེལ་ཏེ། དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་དང་རྩིས་རིག་གི་རྨང་གཞིའི་ཤེས་བྱ་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་འབད་འབུངས་དང་། 《བྱིས་གཉོར་ཁང་གི་དགེ་རྒན་གྱི་ཚད་ལྡན་ཆེད་ལས》དང《ལོ་གསུམ་ནས་ལོ་དྲུག་བར་གྱི་བྱིས་པའི་སློབ་སྦྱོང་ལ་ཕྱོགས་སྟོན་བྱེད་པའི་བསླབ་གཞི》གཉིས་གཙོར་བཟུང་ནས་གསོ་སྦྱོང་སྤེལ།
      གསོ་སྦྱོང་བྱ་འགུལ་འདི་ནི་སློབ་སྔོན་སློབ་གསོའི་རྨང་གཞི་བརྟན་པོ་འདིང་བ་དང་ཆེད་ལས་ཀྱི་ཆུ་ཚད་མཐོར་འདེགས་ཡོང་བ། དགེ་རྒན་གྱི་ཤེས་བྱའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།