ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བློ་བཟང་རྒྱལ་མཚན་གྱིས་བོད་སྐད་ཡིག་ལས་དོན་རིམ་པ་གསར་བར་སྐུལ་སྤེལ་བྱེད་པར་ནུས་ཡོད་འདོན་དགོས་པ་བསྟན།
བློ་བཟང་རྒྱལ་མཚན་གྱིས་བོད་སྐད་ཡིག་ལས་དོན་རིམ་པ་གསར་བར་སྐུལ་སྤེལ་བྱེད་པར་ནུས་ཡོད་འདོན་དགོས་པ་བསྟན།
རྩོམ་པ་པོ།:བཀྲ་རྒྱལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།
དུས་ཚོད།:2013-12-09 09:26:00
ཀློག་གྲངས།:
ཟླ12པའི་ཚེས3ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས། ཚོགས་འདུས་བསྟན་དོན། བོད་སྐད་ཡིག་བྱ་བ་ལེགས་པོར་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ངོས་འཛིན་དང་། ལས་ཀ ནུས་ཤུགས་འདོན་པ་བཅས“དམིགས་བྱ་གསུམ”ལེགས་པར་སྒྲུབ་སྟེ་ནན་ཏན་གྱིས་བོད་སྐད་ཡིག་གི་ལས་ཀ་དེ་རིམ་པ་གསར་བ་ཞིག་ཏུ་སྐུལ་སྤེལ་བྱེད་དགོས་ཞེས་བསྟན།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་། ལྗོངས་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཤན་རྩ་བསྟན་འཛིན་ཆོས་གྲགས། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནག་ཆུ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཀྲོན་ཡོན་ཀའོ་ཡང་བཅས་ཚོགས་འདུར་ཞུགས་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱ་རི་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུར་འགོ་འཛིན་མཛད།
བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་དུ། རང་ལྗོངས་ཀྱི་བོད་སྐད་ཡིག་འཕེལ་རྒྱས་དང་མདུན་སྐྱོད་ལ་ཁས་ལེན་གང་ལེགས་མཛད་ཅིང་། ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་ཚབ་བྱས་ནས་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་གི་ལས་དོན་སྒྲུབ་མཁན་དང་རང་ལྗོངས་ཀྱི་བོད་སྐད་ཡིག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མྱོང་པའི་ལས་རིགས་སོ་སོའི་མི་སྣ་དག་ལ་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་གསུང་རྒྱུར། བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན་གྱི་དུས་རབས་ཕྱེད་ཀའི་རིང་། རིམ་པ་སོ་སོའི་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་གཙིགས་མཐོང་ཆེན་པོའི་འོག ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ལས་དོན་སྒྲུབ་མཁན་དག་གིས་ཡུན་རིང་འབད་བརྩོན་བྱས་པར་བརྟེན། རང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བར་སྔར་བྱུང་མ་མྱོང་པའི་འཕེལ་རྒྱས་བྱུང་སྟེ། ཀུན་གྱིས་མཐོང་ཐུབ་པའི་གྲུབ་འབྲས་མངོན་གསལ་ལོན་ཡོད། ལྷག་པར་དུ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་མང་ཞིང་། བཀོལ་སྤྱོད་བྱེད་ཁོངས་རྒྱ་ཆེ་བ། དུས་རབས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་པ་སྔོན་ཆད་བྱུང་མ་མྱོང་པ་ཞིག་ཡིན་པས། བོད་ལྗོངས་ཀྱི་མཆོངས་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ལ་བྱས་རྗེས་བླ་མེད་བཞག་ཡོད་ཅེས་གསུངས།
བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། བོད་སྐད་ཡིག་ལས་དོན་ནི་རང་ལྗོངས་ཀྱི་མི་རིགས་ལས་དོན་དང་སྐད་ཡིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཡིན་ཕྱིན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་མང་ཚོགས་བྱ་བ་སྒྲུབ་པའི་རྨང་གཞི་གཙོ་བོ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མིན་རིག་གནས་གཙོ་བོ་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་གྱི་ནང་དོན་གཙོ་བོའང་རེད། བོད་སྐད་ཡིག་ལས་དོན་ལེགས་པོར་སྒྲུབ་རྒྱུ་དེ་ཁ་བྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་ལ་འབྲེལ་ཡོད་པ་མ་ཟད། ཏང་གི་སྲིད་ཇུས་ལམ་ཕྱོགས་ཁག་དྲིལ་སྒྲོག་གོ་ཆོད་བྱེད་པར་འབྲེལ་ཡོད་པ། མི་རིགས་ཀྱི་སྔོན་ཐོན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལའང་འབྲེལ་ཡོད་པ། རང་ལྗོངས་ཀྱི་མཆོངས་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ལ་འབྲེལ་བ་ཡོད་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པའི་མཐོ་ཚད་ནས་བོད་སྐད་ཡིག་ལས་དོན་ལེགས་པོར་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་ཟིན་གང་ལེགས་ཐོབ་དགོས་པ་དང་། ཀྲུའུ་ཞི་ཡུས་ཀྲུན་ཧྲུན་གྱིས་བོད་སྐད་ཡིག་བྱ་བ་ལེགས་པོར་སྒྲུབ་དགོས་པའི་སྐོར་གྱི་མཇུབ་སྟོན་གཙོ་བོ་དོན་འཁྱོལ་ངང་ལག་བསྟར་བྱེད་རྒྱུ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་དང་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་ནན་ཏན་གྱིས་ལག་བསྟར་བྱས་ནས། བོད་སྐད་ཡིག་བྱ་བ་རིམ་པས་གསར་པ་ཞིག་ཏུ་སྐུལ་སྤེལ་བྱེད་པར་ནུས་ཤུགས་ཡོད་ཚད་འདོན་དགོས་ཞེས་གསུངས།
བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། བོད་སྐད་ཡིག་གི་ལས་དོན་ལེགས་པོར་སྒྲུབ་རྒྱུར་སློབ་སྦྱོང་ནི་ཆ་རྐྱེན་དང་། བཀོལ་སྤྱོད་ནི་སྙིང་པོ། འཕེལ་རྒྱས་ནི་ཚེ་སྲོག་བཅས་ཡིན་པས། སློབ་སྦྱོང་དམ་འཛིན་དང་། ཚད་ལྡན་དམ་འཛིན། འཕེལ་རྒྱས་དམ་འཛིན། བཅའ་ཁྲིམས་དམ་འཛིན་བཅས“འཛིན་པ་བཞི”ལེགས་པོར་སྒྲུབ་དགོས། སློབ་སྦྱོང་དམ་འཛིན་ཞེས་པ་ནི་རིམ་བཞིན“སྐད་གཉིས”སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་པ་དང། བོད་སྐད་ཡིག་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པ། བྱེད་ཐབས་ཅི་རིགས་སྤྱད་ནས་ལས་བྱེད་པས་བོད་ཡིག་བཀོད་སྤྱོད་ནུས་པ་མཐོར་འདེགས་བྱས་ནས། “སྐད་གཉིས”སློབ་སྦྱོང་ལ་དཔྱད་ཞིབ་དང་བོད་སྐད་ཡིག་གི་ཚད་རིམ་རྒྱུགས་ལེན་ལམ་ལུགས་བཙུགས་ཏེ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་དོན་འཁྱོལ་བྱེད་དགོས། ཚད་ལྡན་དམ་འཛིན་ཞེས་པ་ནི་སྤྱི་ཚོགས་ཀྱི་སྤྱོད་ཡིག་ཚད་ལྡན་དུ་གཏོང་པ་དང་། ཡིག་ཆའི་སྒྲིག་སྒྱུར་ཚད་ལྡན་དུ་གཏོང་པ། ཚོགས་འདུའི་ཡིག་ཆ་ཚད་ལྡན་དུ་གཏོང་པ། བོད་ཡིག་བཀོལ་སྤྱོད་ཚད་ལྡན་བཅས་སུ་བཏང་ནས་བོད་སྐད་ཡིག་གི་བཀོལ་སྤྱོད་ཆུ་ཚད་མཐོར་འདེགས་དོན་འཁྱོལ་བྱེད་དགོས། འཕེལ་རྒྱས་དམ་འཛིན་ཞེས་པ་ནི་ཇུས་འགོད་སྣེ་ཁྲིད་དང་། ཚན་ཞིབ་རྨང་གཞི། ཡི་གེའི་བྱེད་ནུས། ལག་རྩལ་བཀོལ་སྤྱོད་བཅས་ཀྱི་བྱ་བ་གནད་དུ་བཟུང་ནས། བོད་སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་དོན་འཁྱོལ་བྱེད་དགོས། བཅའ་ཁྲིམས་དམ་འཛིན་ཞེས་པ་ནི་བཅའ་ཁྲིམས་ཀྱི་ཁྱབ་བརྡལ་དང་འཐུས་ཚང་ལ་ཤུགས་སྣོན་བྱས་ནས། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་བཅའ་ཁྲིམས་འཐུས་ཚང་དང་སྒྲིག་ཁྲིམས་ལམ་ལུགས་འཐུས་ཚང་ཡོང་རྒྱུ་ཁག་ཐེག་བྱེད་དགོས།
བློ་བཟང་རྒྱལ་མཚན་གྱིས་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱིས་བོད་སྐད་ཡིག་བྱ་བའི་འགོ་ཁྲིད་ལ་དོན་དངོས་ཀྱིས་ཤུགས་སྣོན་དང་བཅོས་སྒྱུར་བྱས་ཏེ། ངོས་ཟིན་དང་། བྱ་བ། ནུས་པ་འདོན་པ་བཅས“དམིགས་བྱ་གསུམ”ལེགས་པོར་སྒྲུབ་དགོས་ཤིང་། རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་བྱེད་རྒྱུ། སྒྲིག་འཛུགས་ཡོད་པ། སྒྲིག་གཞི་ཡོད་པ། མི་སྣ་ཡོད་པར་ཁག་ཐེག་བྱེད་དགོས། འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ། ཁྱོན་ཡོངས་ནས་ལས་སྒོའི་སྡེ་ཁག་གིས་གཙོ་འགན་ཁུར་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཟུང་འབྲེལ་བྱེད་པ། སྤྱི་ཚོགས་ལས་རིགས་སོ་སོ་ཁྱོན་ཡོངས་ནས་ཟབ་ཞུགས་བྱེད་པའི་བོད་སྐད་ཡིག་གི་བྱ་བའི་རྣམ་པ་གསར་པ་གྲུབ་དགོས། ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ། འཇོན་མི་སྐྱེད་བསྲིངས་དང་ཟབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། བོད་སྐད་ཡིག་ལོ་ཙྰ་བའི་ཐོབ་ཐང་བདེན་སྤྲོད་ལམ་ལུགས་བཙུགས་ནས། དུས་ཐོག་ཏུ་ཡིག་སྒྱུར་མི་སྣའི་ལས་ཀའི་གོ་མིང་ཞིབ་དཔྱད་བྱ་བ་སྒྲུབ་དགོས་པ་དང་། མ་དངུལ་ཁག་ཐེག་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། བོད་སྐད་ཡིག་བྱ་བའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།