མཚོ་སྔོན་དགེ་ཐོན་སློབ་ཆེན་སྡོམ་བརྩོན་དམ་པ་ལྷན་ཚོགས་ཀྱིས་རིག་གཞུང་འཆད་ཁྲིད་ཀྱི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:རྟ་མགྲིན་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-09 09:55:00 ཀློག་གྲངས།:
  ཟླ12པའི་ཚེས4ཉིན་ཏེ།གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་དགོང་མོའི་ཆུ་ཚོད་བདུན་གྱི་སྟེང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་སྡོམ་བརྩོན་དམ་པ་ལྷན་ཚོགས་ཀྱིས་སྤེལ་བའི་སྐབས་དང་པོའི་རིག་གཞུང་འཆད་ཁྲིད་ཀྱི་ཚོགས་འདུ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཤར་གླིང་སློབ་ཁུལ་དུ་གཟབ་རྒྱས་ངང་ཚོགས། ཚོགས་ཞུགས་མི་སྣ་ལ་དགེ་ཐོན་སློབ་ཆེན་གྱི་སློབ་གླིང་དང་སྡེ་ཁག་རིས་མེད་ཀྱི་སློབ་མ་དག་ཡོད།
  ཐེངས་འདིའི་འཆད་ཁྲིད་དགེ་རྒན་ནི་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་ཡིན་ལ་ཁོང་གི་འཆད་བྱ་གཙོ་བོ་ནི་དེང་རབས་རྒྱ་བོད་ཚན་རྩལ་ཡིག་སྒྱུར་གྱི་སྐོར་ཡིན་ལ་དེ་ལས་འཕྲོས་ཏེ་དེང་རབས་བོད་ཀྱི་སློབ་ཆེན་སློབ་མའི་སློབ་སྦྱོང་བྱེད་སྟངས་སོགས་མིག་སྔའི་གནས་ཚུལ་མང་བོ་ལ་དོན་དངོས་དང་མཐུན་པའི་དཔྱད་འཇོག་བྱས།
  ཚོགས་ཐོག་ཏུ་ད་དུང་དགེ་རྒན་ཁོ་རང་གིས་ལོ་ངོ་བདུན་ལྷག་ལ་ཞིབ་འཇུག་བྱས་ནས་གསར་རྩོམ་གནང་བའི《རྒྱ་བོད་སྒྲ་སྒྱུར་ཚད་གཞིའི་རེའུ་མིག་གསར་བ་སྒྱུར་རྩལ་ཐུར་མའི་མཆོང་འགྲོས》ཞེས་པའི་མ་ཡིག་དཔར་མ་དེ་སློབ་མ་ཚོར་བཀྲམ་པ་དང་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
  མཇུག་མཐར་སྡོམ་བརྩོན་དམ་པ་ལྷན་ཚོགས་ཀྱིས་ཐེངས་གཉིས་པའི་ཡིག་སྒྱུར་གྱི་འཆར་གཞི་གཏན་ལ་ཕབས་ཤིང་ཚོགས་མི་ཡོངས་ལ་དེའི་ཐད་ཀྱི་ལས་འགན་བགོས་ནས་ཚོགས་འདུ་ཡོངས་སུ་མཇུག་རྫོགས་པར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།