མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་ཤེས་རིག་གླེང་སྟེགས་ཐེངས་གསུམ་པ་སྤེལ།

རྩོམ་པ་པོ།:རྡོ་རྗེ་ཡེ་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-12 09:04:00 ཀློག་གྲངས།:

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་ཤེས་རིག་གླེང་སྟེགས་ཐེངས་གསུམ་པ་སྤེལ།
དགེ་རྒན་བསོད་ནམས་དོན་གྲུབ་ཀྱིས་སློབ་ཁྲིད་བྱེད་པ།

      སྤྱི་ཟླ12པའི་ཚེས11ཉིན་གྱི་དགོང་མོ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་སྐབས་དང་བོའི་བོད་ཀྱི་སྐད་ཡིག་རིག་གནས་དུས་ཆེན་ལས་བོད་ཀྱི་ཤེས་རིག་གླེང་སྟེགས་ཐེངས་གསུམ་པ་སྤེལ་བྱེད་བཞིན་ཡོད་ལ། ཐེངས་འདིར་འཆད་ཁྲིད་གནང་མཁན་ནི་འབུམ་རམས་པ་ཆེན་མོ་རྒན་བསོད་ནམས་དོན་གྲུབ་ཡིན། ཁོང་གིས་རང་གི་མི་ལོ་དུ་མར་ཞིབ་འཇུག་བྱས་པའི་བོད་ཀྱི་ལོ་རྒྱུས་གྲགས་ཅན《སྦ་བཞེད》ཞིབ་འཇུག་ཞེས་པ་དེ་ཐེངས་འདིར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླེང་དུ་སློབ་ཁྲིད་གནང་བ་རེད།


དགེ་རྒན་བསོད་ནམས་དོན་གྲུབ་ཀྱིས་བོད་ཀྱི་ལོ་རྒྱུས་གྲགས་ཅན《སྦ་བཞེད》ཞིབ་འཇུག་ཐད་ནས་སློབ་ཁྲིད་གནང་།

      ཐེངས་འདིར་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ་སོགས་སློབ་ཁྲིད་ལ་ཞུགས་མཁན་བསྡོམས་པས་མི་སྣ250ལྷག་ཡོད་པ་དང་། ཁོང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་ཏུན་ཧོང་ཡིག་རྙིང་ནས་ཐོན་པའི་དཔྱད་གཞི་ཡིག་ཆ་གཙོར་བཟུང་སྟེ་བོད་ཀྱི་ལོ་རྒྱུས་དེབ་ཐེར《སྦ་བཞེད》ཀྱི་རིན་ཐང་དང་ནང་དོན་གཙོ་བོ་ཁ་གསལ་ཞིང་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་པ་དང་། 《སྦ་བཞེད》དང་འབྲེལ་བའི་ལོ་རྒྱུས་དཔེ་ཆ་ལ་གཤིབ་སྡུར་གང་མང་གནང་། དེ་མིན་ད་རུང་ཚོགས་ཐོག་ཏུ་བོད་ཡིག་གིས་ལོ་རྒྱུས་བྲིས་བའི་སྲོལ་ནམ་ཚོད་དར་བ་དང་། 《སྦ་བཞེད》ཀྱི་རྩོམ་པ་པོ་སུ་ཡིན་སྐོར། ནང་དོན་གཙོ་བོ་བཅས་བཤད་དེ་མཇུག་མཐར་དགེ་སློབ་ཡོངས་ཀྱི་དགའ་བསུ་དང་དྲི་བ་དྲིས་ལན་བཅས་མཇུག་རྫོགས་སོ།།


མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་ཤེས་རིག་གླེང་སྟེགས་ཐེངས་གསུམ་པ་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།