བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ས་སྐྱ་པའི་སྐབས་ཀྱི་བོད་འགྱུར《ཚད་མ་རྣམ་འགྲེལ》ཞིག་རྙེད་པ།
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ས་སྐྱ་པའི་སྐབས་ཀྱི་བོད་འགྱུར《ཚད་མ་རྣམ་འགྲེལ》ཞིག་རྙེད་པ།
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའི་ས་སྐྱ་པའི་སྲིད་དབང་དུས་ཀྱི《ཚད་མ་རྣམ་འགྲེལ》རྙེད་པ་རེད། དེ་ནི་ཧོར་སོག་གི་སེ་ཆེན་རྒྱལ་པོ་སྟེ་ཧུའུ་པི་ལེ་ཡིས་དབུ་བླ་རྷརྨ་པཱ་ལ་མཆོག་ལ་རེ་བ་ཞུས་པ་དང་གོང་མ་ཚང་གིས་མ་དངུལ་བཏང་ནས་པེ་ཅིང་དུ་བརྐོས་པ་ཞིག་ཡིན་ཞིང་། རྷ་རྨ་པཱ་ལ་ནི་སེ་ཆེན་རྒྱལ་པོའི་དབུ་བླ་རབས་གསུམ་པ་ཡིན་ཏེ། སྤྱི་ལོ1281ནས་སྤྱི་ལོ1286ལོར་ཁོང་དབུ་བླར་བཞུགས་དུས་བརྐོས་པ་ཡིན་པས། བོད་དཔར《ཚད་མ་རྣམ་འགྲེལ》ཁྲོད་ཆེས་སྔ་བོ་ཡིན་པ་རེད། ཡོན་རྒྱལ་རབས་སྐབས་ཀྱི་ཤིང་བརྐོས་པར་མའི་རྒྱ་ཡིག་དཔེ་རྙིང་མང་ཆེ་ཤས་རིམ་པ་དང་པོའི་དཔེ་རྙིང་དུ་བརྩི་བཞིན་ཡོད་ལ། དུས་དེར་བྱུང་བའི་བོད་ཡིག་བསྟན་བཅོས་ཆེན་མོ་དེའི་རིན་ཐང་ནི་སྤྱིར་བཏང་གི་ཡོན་རྒྱལ་རབས་སྐབས་ཀྱི་རྒྱ་ཡིག་གི་དཔེ་རྙིང་ཀུན་ལས་ཁྱད་དུ་འཕགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com