བོད་ལྗོངས་ཀྱིས་བོད་སྐད་ཡིག་གི་སྤྱི་ཚོགས་ཡིག་བཀོལ་ཚད་ལྡན་དུ་གཏོང་བ།
ཉེ་ཆར་བསྡུས་པའི་བྱ་བའི་གྲོས་ཚོགས་སྟེང་བོད་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་དང་ལྗོངས་བོད་སྐད་ཡིག་གི་སྤྱི་ཚོགས་ཡིག་བཀོལ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ནོར་བུ་དོན་གྲུབ་ལགས་ཀྱིས་བསྟན་པ་ལྟར་ན། རང་སྐྱོང་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་གི་སྤྱི་ཚོགས་བཀོལ་ཡིག་བྱ་བར་ཕན་འབྲས་བླངས་པའི་དེའི་མཚུངས་སུ། ད་དུང་མི་འདང་ས་དང་གནད་དོན་ཁག་ཅིག་འདུག་པས། རྗེས་སོར་བོད་ལྗོངས་ཀྱིས་བོད་སྐད་ཡིག་གི་སྤྱི་ཚོགས་བཀོལ་ཡིག་དོ་དམ་བྱ་བ་དེ་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་ལྡན་ཅན་དུ་གཏོང་རྒྱུ་ཡིན་པ་སྟེ། སྤྱི་ཚོགས་བཀོལ་ཡིག་དག་ཐེར་བྱ་བ་མུ་མཐུད་དུ་གཏིང་ཟབ་སྒོས་སྤེལ་བ་དང་། ཡུན་ཕན་གྱི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ། དེར་མ་ཟད་འབྲེལ་ཡོད་ཀྱི་བསམ་འཆར་བཏོན་ནས་བོད་སྐད་ཡིག་གི་སྤྱི་ཚོགས་ཡིག་བཀོལ་གྱི་ལོ་ཙཱའི་འགག་སྒོ་དང་སྒྲིག་བཟོའི་འགག་སྒོ། ཞིབ་བཤེར་དང་ཆོག་མཆན་གནང་བའི་འགག་སྒོ་བཅས་དོན་དངོས་ཐོག་དམ་པོར་བཟུང་སྟེ་བོད་སྐད་ཡིག་གི་སྤྱི་ཚོགས་ཡིག་བཀོལ་ཚད་ལྡན་གཏོང་བར་ཁག་ཐེག་བྱ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com